གད་ཁའི་ཨ་བོ་སྤྱིན་བསྐོལ།

最后更新于:2018-08-26 16:23:03

དེ་ཡང་རོ་བོང་གིས་སྤྱང་ཁུར་སྒ་གཏད་པའི་རྗེས་སུ་གད་པ་ཞིག་གི་མགོ་ནས་ཁོ་གཉིས་སླར་ཡང་མཇལ།

སྤྱང་ཁུས་ཨ་རོགས། རི་བོང་ཁ་ཤོ་ཁྱོད་ཀྱིས་ང་ལ་གཏད་པའི་སྒ་དེས་ལུག་འཛིན་རྒྱུ་ཕར་ཞོག་ཅུང་ཟད་མིན་ན་ངའི་སྲོག་ཀྱང་ཤོར་སོང་།  དེ་རང་ད་ངེས་པར་ཏུ་ཁྱོད་ཟ་རྒྱུ་ཞེས་བརྗོད་བཞིན་རི་བོང་གི་གམ་ལ་སླེབས།  རི་བོང་གིས་ཨ་ཁུ་སྤྱང་ཀི་ཁྱོད་ཁོང་ཁྲོ་མ་ལང་།   ཁ་སང་གི་དེ་ནི་ཨ་བོ་སྒ་གཞོག་རེད།   ང་ནི་ཨ་བོ་སྤྱིན་བསྐོལ་ཡིན་ཡ་ཞེས་བཤད།  སྤྱང་ཁུས་ཁྱེད་ཀྱིས་སྤྱིན་བསྐོལ་ནས་ཅི་བྱེད། དེའི་ཅི་ལ་ཕན་ཞེས་དྲིས།  རི་བོང་གིས་སྤྱིན་འདི་ནི་གཞན་དང་མི་མཚུངས། འདི་སྤྱད་དེ་མིག་དང་ཁ་སྦྱར་ན་ཟས་ནི་ཅི་འདོད་ལྟར་མདུན་དུ་ལྷུང་ནས་ཡོང་ཞེས་བརྗོད།  སྤྱང་ཁུས་ཡིད་མི་ཆེས་པའི་མདངས་ཀྱིས་དེ་ནི་བདེན་པ་ཡིན་ནམ་ཞེས་དྲིས། རི་བོང་གིས་བདེན་པ་ལོས་ཡིན་ཞེས་ལན་བཏབས།  སྤྱང་ཁུས་དེ་འདྲ་རང་ཡིན་ན་ངའི་མིག་དང་ཁ་ཅིག་སྦྱོར་རོགས།  རི་བོང་ལོ་ལོ་ཞེས་ཞུ་བྱས། རི་བོང་གིས་དེ་ན་ཆོག་གི་ཞེས་སྤྱང་ཁུས་མིག་དང་ཁ་སྦྱར་རྗེས་བྲོས་སོང་།

སྤྱང་ཁུ་ཙོག་པོར་བསྡད་དེ་ཡུན་རིང་འགོར་རུང་ཟས་ནི་མ་ལྷུང་བས་རི་བོང་ལ་འདྲི་བསམ་དུས་ཁ་དང་མིག་གཉིས་ཀ་འབྱར་ཡོད་པ་ཚོར། དེ་ནས་ཁོས་གོམ་པ་འཆལ་འཆོལ་སྤོས་ཏེ་སོང་སོང་བའི་མཚམས་ཞིག་ལ་བྲག་ནང་དུ་ལྷུང་སོང་ངོ་།