གཞན་ལ་གནག་ལ་རྒྱུ་འབྲས་རང་ལ་འཁོར་བ།

最后更新于:2018-08-26 15:41:45

ས་ཆ་ཞིག་ན་གླང་བོ་ཆེ་ཞིག་དང་ཨ་ཁུ་རི་བོང་གཉིས་ཡོད།ཉིན་ཞིག་ལ་ཨ་ཁུ་རི་བོང་གི་གླང་བོ་ཆེ་ལ་འུ་གཉིས་ཀ་ལུང་བའི་ཕར་ལ་ལྡིང་རེ་བྱེད།གླང་བོ་ཆེ་ཡིས་རི་བོང་ལ་བདག་གི་ཟས་པས་རྩྭ་ནི་ཁྱེད་སོང་མྱོང་བས་ལམ་ལས་ཀྱང་མང་།ཁྱོད་རི་བོང་ཁ་ཤོ་ཅིག་ལྡིང་ཐུབ་ནས་ཟེར་ནས་ལྡིང་རེས་བྱེད་རྒྱུ་ཁས་བླངས།དེ་ནས་རི་བོང་གཉིས་ཀས་མཉམ་གཅིག་དུ་གྲོས་བྱས་ནས་རི་བོང་གཅིག་ལུང་བའི་ཕ་རོལ་ནས་འདུག་རྒྱུ་གྲོས་བྱས།འགྲན་སྡུར་བྱེད་པས་ཉིན་དེར་སླེབས་དུས་སུ་རི་བོང་གི་གླང་ཆེན་ལ་འུ་གཉིས་ཀྱིས་སྔོན་ལ་སུས་མགོ་བརྩམས་རྒྱུ་ཞེས་དྲིས།གླང་བོ་ཆེ་ཡིས་རི་བོང་ཁྱོད་སྔོན་ནས་ལྡོང་ཞེས་བཤད།རི་བོང་གི་ལྡིང་ཁ་བྱས་ནས་རྩིབ་ལོག་གི་འོག་ནས་སྦས་ནས་བསྡད་དེ་ནས་སྔོན་མ་གྲོས་བྱས་ཡོད་པ་ལྟར།ལུང་བའི་ཕར་ཁ་ན་སྔོན་མ་ནས་ཡིབ་ནས་བསྡད་ཡོད་པས་རི་བོང་གི་ཨ་ཁུ་གླང་བོ་ཆེ་ལ་ང་འདི་ལྟར་ལྡིང་ཐུབ་སོང་ཞེས་སྐད་ཅོར་བརྒྱབ།གླང་བོ་ཆེ་ཡིས་རི་བོང་ལུང་བའི་ཕ་རོལ་ལ་ལྡིང་ཐུབ་སོང་བ་མཐོང་རྗེས།སེམས་ནས་ཁོ་རི་བོང་ཁ་ཤོ་ཡང་ལྡིང་ཐུབ་ན་རང་ཉིད་ཅི་ཕྱིར་ལྡིང་མི་ཐུབ་བསམ་ནས།ཐེ་ཚོམ་མེད་པར་ལུང་བའི་ཕ་རོལ་ལ་ལྡིང་དུས་སུ་གླང་བོ་ཆེ་ལུང་བ་ནང་དུ་ལྷུང་ནས་ཤི་སོང་།དེ་ནས་རྐུན་མ་མི་གསུམ་ཡོང་ནས་གླང་བོ་ཆེ་ཤ་མཐོང་ནས་འདི་ལྟར་དྲན་འདི་གསོད་ན་བསད་རུང་སྟོང་རེད།འཆི་ན་བསད་རུང་སྟོང་རེད།རྐུད་མ་ཆེ་བ་གཉིས་ཀྱིས་རྐུན་མ་ཆུང་བ་ལ་ཁྱོད་ཆུ་ལེན་དུ་སོང་ངེད་གཉིས་ཀྱིས་བ་རྡོ་འཛུགས་ཞེས་བཤད།རྐུན་མ་ཆུང་བ་དེ་ཆུ་ལེན་དུ་སོང་ནས་སེམས་ལ་ངན་ཇུས་ཞིག་དྲན་ནས་ཆུ་ནང་དུག་བཏབ་རྗེས།རང་གི་འཐུང་ཁུལ་བྱས་ནས་ཁོ་གཉིས་ཤི་རྗེས་གླང་བོ་ཆེ་ཁོ་རང་ཉིད་གཅིག་པུ་ལ་དབང་ཐུབ་བསམ་ནས་ཆུ་ཁྱེར་ནས་ཕྱིར་སོང་།ཡང་རྐུན་མ་ཆེ་བ་གཉིས་ཀྱི་འུ་གཉིས་ཀྱི་རྐུན་མ་ཆུང་བ་ཕྱིར་ཡོང་ན་བ་མའི་ཁོའི་མགོ་ལ་བརྒྱབ་ནས་བསད་རྗེས་གླང་བོ་ཆེ་ཁོ་གཉིས་ལ་དབང་བས་ངན་ཇུས་འཐེན།དེ་ནས་རྐུན་མ་ཆུང་བ་དེ་ཕྱིར་ཡོང་དུས་སུ་རྐུན་མ་ཆེ་བ་གཉིས་ཀྱི་བ་རྡོ་བཙུགས་ཚར།རྐུན་མ་ཆུང་བ་ཡོང་ནས་བ་མ་མེ་ཐོག་དུ་འཇོག་དུས་སུ་རྐུན་མ་ཆེ་བ་གཉིས་ཀས་བ་མ་བླངས་ནས་རྐུན་མ་ཆུང་བ་བསད།གཉིས་ཀས་གླང་བོ་ཆེས་ཤ་བཙོས་ནས་ཁུ་བ་ལ་སོགས་འཐུང་ནས་སྔོན་མ་ཆུ་ནང་དུ་དུག་ཡོད་པས་ཁོ་གཉིས་ཡང་ཤི།སྐབས་དེར་ས་དེར་ཝ་མོ་ཞིག་ཡོང་ནས་གླང་བོ་ཆེ་རོ་དང་མི་དེ་དག་མཐོང་རྗེས་ཁོས་སེམས་ལ་དེ་རིང་རང་ཉིད་ལ་ཟ་རྒྱུ་སོགས་མང་བས་རྐུན་མ་དག་གི་མདའ་གཞུ་མཐོང་ནས་སེམས་ལ་མི་གསུམ་པོ་འདི་དག་དང་གླང་བོ་ཆེ་སོགས་རང་ལ་དབང་བས་སྔོན་ལ་གཞུ་ཐིགས་ཟོས་རྗེས་ཟོས་ན་ཆོག་བསམས།དེ་ནས་ཁོས་རྐུན་མའི་གཞུ་ཐིགས་ཟོས་ནས་གཞུ་ཡི་གཞུ་མཆོག་ཆད་ནས་ཝ་མོའི་ཀླད་པའི་ཐོག་དཀྱིལ་དུ་བརྒྱབ་ནས་ཝ་མོ་ཤི།རི་བོང་གི་དེ་དག་མཐོང་རྗེས་གནམ་ལ་ཅིག་ལྡིང་ནས་ཧ་ཧ་ཧ  རྒན་པའི་རྒན་ཚུགས་མ་ཐུབ་ན་གླང་བོ་ཆེའི་རོ་ལྟོས།འཁྱམས་པའི་ངན་སེམས་བཅངས་ན་རྐུན་མ་གན་ཚོའི་རོ་ལྟོས།ཟས་ཤི་ཟས་བྱེད་ན་ཝ་མོའི་གན་གི་རོ་ལྟོས་ཞེས་བཤད་རྗེས་བུད་སོང་།