གཡུ་མཚོ་དང་ལྷ་ལས།

最后更新于:2018-08-26 15:42:30

གནའ་སྔ་མོ་ཞིག་ལ་ས་ཆ་ཞིག་ན་ལོ་ན་བགྲེས་པས་ཁྱིམ་ཚང་དབུལ་བོ་ཞིག་ན་ཨ་མ་རྒན་མོ་ཞིག་ཡོད།མོའི་བུ་མོ་མིང་ལ་གཡུ་མཚོ་དང་མག་པའི་མིང་ལ་ལྷ་ལས་ཟེར།སྔོན་ཆད་གཡུ་མཚོ་ལ་མག་པ་ལྷ་ལས་མ་བླངས་གོང་ལ་ཁྱིམ་ཚང་དེ་ནི་ཐབས་ཆག་ཟ་རྒྱུ་དང་རྒྱབ་ལ་གོན་རྒྱུ་སོགས་ཕྱོགས་གང་ཅི་ཐབས་ནས་ཀྱང་སྡུག་དགོས་པ་ཞིག་ཡིན།ཡིན་ནའང་རྗེས་སུ་ལྷ་ལས་ཁྱིམ་དེ་ནས་མག་པ་བསྡད་རྗེས་ཁྱིམ་ཚང་དེ་ནི་ཉིན་རེ་བཞིན་ཁྱིམ་ཁ་ཁ་ཡར་ལ་ཡོང་ནས་ཁ་ལ་ཟ་རྒྱུ་དང་རྒྱབ་ལ་གོམ་རྒྱུ་ཚང་མ་འདང་རྒྱག་མེད་པས་ཁྱིམ་ཚང་ཞིག་དུ་གྱུར།ལོ་མང་འགོར་རྗེས་ཨ་མ་རྒན་མོ་དེའི་སྐྱིད་མ་ཆག་པར་སེམས་ནས་མི་དྲན་དགུ་དྲན་བྱས་ནས་མ་བཟོད་པར།ངན་སེམས་བཅིངས་ནས་བུ་མོ་ལ་འདི་ལྟར་བཤད་མག་པ་འདི་འུ་ཚང་ལ་ཐོན་རྗེས།ཉིན་རྒྱུན་དུ་སྡིགས་ལས་དག་དག་བྱས་ནས་རི་དྭགས་ལ་སོགས་བསད་པར་མ་ཟད་ད་དུང་པགས་པ་སོགས་ཕྱིས་ནས་སྡིགས་ལས་བྱས་པས།འུ་ཚང་ལ་མག་པ་འདི་མཁོ་ནི་མ་རེད་ཞེས་བཤད།ཡིན་ཡང་གཡུ་མཚོ་ནི་ངུ་བཞིན་ད་ཨ་མ་ཁྱེད་ཀྱི་འདི་ལྟར་མ་བཤད།ང་དང་ལྷ་ལས་གཉིས་གཉེན་མ་སྒྲིག་བྱས་ནས་སྒྲིག་ཚར།ད་དུང་ལོ་གཅིག་ཅན་ཀྱི་བྱིས་པ་ཞིག་ཀྱང་ཡོད་པའི་ཨ་མ་ལགས་ཁྱེད་ཀྱི་འདི་ལྟར་མ་བཤད་ཟེར་ཞོར་དུ་ཨ་མ་ལ་ཡང་ཡང་ཞུ་བ་བྱས་ནས་ཨ་མས་ངན་ཇུས་ལ་མ་ཉན།ཨ་མས་ངན་ཇུས་སྣ་ཚོགས་འཐེན་རུང་ལྷ་ལས་གསོད་པས་བསམས་དོན་དེ་མ་འགྲུབ།ཉིན་ཞིག་གི་དགོང་མོ་ལྷ་ལས་ཀྱི་ལུག་རྫི་ལ་སོང་ནས་རྟ་ཐོག་དུ་རི་དྭགས་ཀྱི་ཤ་དང་པགས་པ་སོགས་ཁ་བཀལ་ནས་ཕྱིར་ཡུལ་ལ་ལོག་དུས་སུ།ཨ་མས་ལྷ་ལས་ཉལ་སའི་གདན་འོག་དུ་གྲི་ཞིག་སྦས་ནས་བཞག དགོང་མོ་ནུབ་ཚ་འཐུང་ཚར་རྗེས་ལྷ་ལས་དང་བུ་མོ་གཉིས་ཉལ་གདན་སྟེང་དུ་ཉལ་ནས་བསྡད་སྐབས་ལྷ་ལས་ནམ་རྒྱུན་དང་མི་མཚུངས་པར་ཁ་གྲགས་རྒྱུ་སོགས་ཅི་ཡང་མེད་པ་ཤེས།དེ་ནས་བུ་མོ་ཡ་མཚན་ནས་ལྷ་ལས་ལ་ཁྱོད་དེ་རིང་ཅིག་མི་བདེ་ནས་མ་རེད་དམ།དོ་ནུབ་ཁྱོད་ཀྱི་སྐད་ཆ་ཅི་ཡང་མི་བཤད་དོན་ཅི་ཡིན་ཞེས་དྲིས།ལྷ་ལས་ཀྱི་དེ་རིང་ང་ཅུང་ཙམ་ཞིག་མི་བདེ་གི་ཅེས་བཤད་རྗེས།རང་ཉིན་ཀྱི་ཕོ་བ་ནང་དུ་གྲི་འཛེར་ཡོད་པ་དེ་་གཡུ་མཚོ་ལ་གསང་ནས་མ་བཤད་པར་ཕོ་བའི་རྨ་ཁ་བཙིར་ནས་ཁྲག་ཕྱིར་བཞུར་མི་ཡོང་བར་བསྲན་ནས་བསྡད།ལྷ་ལས་ཀྱིས་ན་ཟུག་གིས་མ་བཟོད་པར་གཡུ་མཚོ་ལ་གཡུ་མཚོ་གཡུ་མཚོ་ཁྱོད་ལངས་ནས་སྒོར་བུད་ར་ནམ་ལངས་གོ་གི་ཨེ་ལྟོས་ཞེས་དྲིས།གཡུ་མཚོ་མལ་ལས་ལངས་ནས་སྒོར་སོང་ནས་ལྟོས་རྗེས་འདི་ལྟར་ལན་བཏབ་ད་རུང་ནམ་ལངས་མེད་གི ད་བྱ་མགོ་མ་གྲགས་པ་རེད་ཞེས་བཤད།  གཡུ་མཚོ་ཕྱིར་ཡོང་ནས་ཅུང་ཙམ་ཉལ་རྗེས་ཡང་ཅང་མ་འགོར་བར་ལྷ་ལས་ཀྱིས་ཡང་བསྐྱར་གཡུ་མཚོ་ལ་གཡུ་མཚོ་གཡུ་མཚོ་ཁྱོད་ལངས་ནས་སྒོར་བུད་ར་ནམ་ལངས་གོ་གི་ཨེ་ལྟོས་ཞེས་དྲིས།གཡུ་མཚོ་མལ་ལས་ལངས་ནས་སྒོར་སོང་ནས་ལྟོས་རྗེས་ད་སྐྱ་རེངས་མགོ་མ་གྲགས་སོང་།ད་ནམ་ལངས་སོང་ཞེས་འདི་ལྟར་ལན་བཏབ།དེ་ནས་ལྷ་ལས་ཀྱི་ད་ནངས་ང་ཡུལ་ལ་འགྲོ་རྒྱུ་གཡུ་མཚོ་ཁྱེད་ཀྱི་རྟ་སྒ་རྒྱོབ་ར་རྟ་སྲན་ཞིག་བསྐོན་ར་རྟ་གློ་ཞིག་ཐོན་ར་ད་ང་ཡུལ་ལ་འགྲོ་བར་གྲ་སྒྲིག་ཞིག་བྱས་དང་ཞེས་བཤད།གཡུ་མཚོ་ཡིས་ད་ཁྱོད་ཡུལ་ལ་ཅི་ཞིག་བྱེད་དུ་འགྲོ་རྒྱུ་ཁྱོད་གློ་བུར་དུ་ཡུལ་ལ་འགྲོ་རྒྱུ་དོན་ཅི་ཡིན་ཞེས་ཡང་ཡང་དྲིས་རུང་ལྷ་ལས་ཀྱིས་སྔར་བཞིན་ཅི་ཡང་ལན་མ་བཏབ།དེ་བས་གཡུ་མཚོ་ཁོང་ཁྲོ་ལངས་ནས་ངས་རྟ་ལ་སྒ་མི་རྒྱག་རྟ་སྲན་མི་བསྐོན་རྟ་གློ་མི་འཐེན་ང་ཆུ་ལེན་དུ་འགྲོ་དགོས་ཞེས་བཤད་རྗེས་གཡུ་མཚོ་ཀྱིས་འདི་ལྟར་གླུ་ལངས་ལྷ་ལས་ལྷ་ལས་ཁྱེད་ཅིག་ཉོན་འདི་དེང་མ་རྟ་སྲན་སུ་ཡིས་བསྐོན།འདི་ད་ནངས་རྟ་སྲན་དེ་ཡིས་བསྐོན།འདི་དེང་མ་རྟ་སྒ་སུ་ཡིས་རྒྱབ།འདི་ད་ནངས་རྟ་སྒ་དེ་ཡིས་རྒྱོབ།འདི་དེང་མ་རྟ་གློ་སུ་ཡིས་འཐེན་འདི་ད་ནངས་རྟ་གློ་དེ་ཡིས་འཐོན།དེ་ནས་གཡུ་མཚོ་ཡིས་ཟོ་བ་འཁུར་ནས་ཆུ་ལ་འགྲོ་རྒྱུ་ཟེར་བཞིན་ཆུ་ལ་སོང་།དེ་ནས་ལྷ་ལས་མལ་ལས་ལངས་ནས་ལག་པ་ཡ་གཅིག་གི་བོད་ལྭའི་སྐེ་རགས་བཏོན་པོ་ཞིག་བཅིངས་རྗེས།རྟ་སྲན་བསྐོན་ནས་རྟ་སྒ་པང་དུ་བཟུང་ནས་བཞག་ནས་རྟ་གློ་འཐེན་ནས་འགྲོ་རྩིས་བྱེད་དུས་སུ།གཡུ་མཚོ་ཡང་ཆུ་འཁུར་ནས་ཕྱིར་ཡུལ་ལ་ཐོན་གཡུ་མཚོ་ཡིས་ལྷ་ལས་འགྲོ་རྩིས་བྱེད་བཞིན་ཡོད་པ་མཐོང་ནས་ངུ་བཞིན།ཁྱོད་ཅི་ཞིག་གི་དོན་དུ་ཡུལ་ལ་འགྲོ་རྩིས་ཡིན་ང་ཡང་ཁྱོད་དང་མཉམ་དུ་འགྲོ་རྒྱུ་ཡིན་ཞེས་བཤད་ནས་རྟ་ཡིས་ཁ་གྱོང་ནང་དུ་ལག་པས་བདམས་ནས་བསྡད།དེ་ནས་ལྷ་ལས་ཀྱིས་གཡུ་མཚོ་ལ་ཁྱོད་ཕྱིར་ནང་ལ་སོང་ནས་ཆུ་བླུགས་ནས་བྱིས་པས་ལོ་གཅིག་ཁྱེར་ནས་ཁོས་མལ་སའི་མཇུག་དུ་དར་དཀར་དམར་པོ་ཞང་ཅན་ཞིག་ཡོད་པ་དེ་ཁྱེར་ནས་ཤོག་དང་ངས་ཁྱོད་སྒུག་འདུག་ཞེས་བཤད། དེ་ནས་གཡུ་མཚོ་ཕྱིར་ནང་དུ་སོང་ནས་ཆུ་བླུགས་རྗེས་བྱིས་པ་ལོ་གཅིག་ཅན་དེ་ཁྱེར་ནས།མལ་སའི་མཇུག་གི་དར་དཀར་དམར་པོ་ཞང་ཅན་དེ་ལག་ཏུ་བླངས་དུས་སུ།དར་དཀར་དམར་པོ་ཞང་ཅན་དེའི་སྟེང་དུ་ཁྲག་དམར་པོ་མཚོ་འཁྱིལ་ཡོད་པ་མཐོང་ནས་ངུར་ཞོར་དུ་བྱིས་པ་ལོ་གཅིག་བཞག་ནས་ལྷ་ལས་ཀྱི་རྗེས་སུ་རྒྱུག  དེ་ནས་ལྷ་ལས་སོང་སོང་རྗེས་ལམ་ནས་ལུག་རྫི་ཞིག་ལ་ཐུག་ནས་ལུག་རྫི་དེ་ལ་ལམ་དྲིས།ལུག་རྫི་ལུག་རྫི་ཁྱེད་ཅིག་ཉོན་ལམ་གོང་མོ་འདི་གང་ལམ་རེད།ལམ་བར་མོ་ལམ་འདི་གང་ལམ་རེད།ལམ་མཐའ་མ་ལམ་འདི་གང་ལམ་རེད།དེ་ནས་ལུག་རྫིས་ཀྱིས་ལྷ་ལས་ལྷ་ལས་ཁྱེད་ཅིག་ཉོན་ལམ་གོང་མོ་ལམ་འདི་སྤྱང་ལམ་རེད།ལམ་མཐའ་མས་ལམ་འདི་ཇག་ལམ་རེད།ལམ་བར་མོ་ནང་དུ་སོང་ར་དབུས་ལམ་རེད།དེ་ནས་ལྷ་ལས་ཀྱིས་ལུག་རྫི་ལ་ཅང་མ་འགོར་བར་རང་གི་ཆུང་མས་བྱིས་པ་ལོ་གཅིག་ཅན་ཞིག་ཁྱེར་ནས་ཁོང་གི་རྗེས་ལ་ཡོང་།ཁྱེད་ཀྱི་བུད་མེད་དེ་ལ་ལམ་ཞིག་སྟོན་རོགས་ཞེས་བཤད་ནས་མུ་མཐུད་དུ་ལམ་ལ་ཆས།དེ་ནས་ལྷ་ལས་སོང་སོང་རྗེས་ལམ་ནས་ཟོག་རྫི་ཞིག་ལ་ཐུག་ནས་ཟོག་རྫི་དེ་ལ་ལམ་དྲིས།ཟོག་རྫི་ཟོག་རྫི་ཁྱེད་ཅིག་ཉོན་ལམ་གོང་མོ་འདི་གང་ལམ་རེད།ལམ་བར་མོ་ལམ་འདི་གང་ལམ་རེད།ལམ་མཐའ་མ་ལམ་འདི་གང་ལམ་རེད།དེ་ནས་ཟོག་རྫིས་ཀྱིས་ལྷ་ལས་ལྷ་ལས་ཁྱེད་ཅིག་ཉོན་ལམ་གོང་མོ་ལམ་འདི་སཔྱང་ལམ་རེད།ལམ་མཐའ་མས་ལམ་འདི་ཇག་ལམ་རེད།ལམ་བར་མོ་ནང་དུ་སོང་ར་དབུས་ལམ་རེད། དེ་ནས་ཡང་ལྷ་ལས་སོང་སོང་རྗེས་ལམ་ནས་རྟ་རྫི་ཞིག་ལ་ཐུག་ནས་རྟ་རྫི་དེ་ལ་ལམ་དྲིས།རྟ་རྫི་རྟ་རྫི་ཁྱེད་ཅིག་ཉོན་ལམ་གོང་མོ་འདི་གང་ལམ་རེད།ལམ་བར་མོ་ལམ་འདི་གང་ལམ་རེད།ལམ་མཐའ་མ་ལམ་འདི་གང་ལམ་རེད།དེ་ནས་རྟ་རྫིས་ཀྱིས་ལྷ་ལས་ལྷ་ལས་ཁྱེད་ཅིག་ཉོན་ལམ་གོང་མོ་ལམ་འདི་སྤྱང་ལམ་རེད།ལམ་མཐའ་མས་ལམ་འདི་ཇག་ལམ་རེད།ལམ་བར་མོ་ནང་དུ་སོང་ར་དབུས་ལམ་རེད་ཞེས་བཤད།ལྷ་ལས་སོང་སོང་རྗེས་དབུས་ལ་ཐོན།

དེ་རྗེས་ནས་གཡུ་མཚོ་སོང་སོང་ནས་ལུག་རྫི་ལ་མདུན་དུ་ཐོན་ནས་གླུ་འདི་ལྟར་ལངས་ལུག་རྫི་ཞིག་ལ་ཐུག་ནས་ལུག་རྫི་དེ་ལ་ལམ་དྲིས།ལུག་རྫི་ལུག་རྫི་ཁྱེད་ཅིག་ཉོན་ལམ་གོང་མོ་འདི་གང་ལམ་རེད།ལམ་བར་མོ་ལམ་འདི་གང་ལམ་རེད།ལམ་མཐའ་མ་ལམ་འདི་གང་ལམ་རེད།ད་ནངས་ལྷ་ལས་གང་ལ་སོང་།འདི་རྟ་མགོ་གྲི་གཟུགས་དམའ་གི་རེད།འདི་མི་མགོ་གྲི་གཟུགས་མཐོ་གི་རེད་ཞེས་དྲིས།དེ་ནས་ལུག་རྫིས་ཀྱིས་གཡུ་མཚོ་གཡུ་མཚོ་ཁྱེད་ཅིག་ཉོན་ལམ་གོང་མོ་ལམ་གན་སྤྱང་ལམ་རེད།ལམ་མཐའ་མས་ལམ་འདི་ཇག་ལམ་རེད།ལམ་བར་མོ་ནང་དུ་སོང་ར་དབུས་ལམ་རེད།འདི་ད་ནངས་ལྷ་ལས་དབུས་ལ་སོང་།འདི་མི་མགོ་གྲི་གཟུགས་མཐོ་གི་རེད།འདི་རྟ་མགོ་གྲི་གཟུགས་དམའ་གི་རེད།དེ་ནས་གཡུ་མཚོ་སོང་སོང་རྗེས་ལམ་ནས་ཟོག་རྫི་ཞིག་ལ་ཐུག་ནས་ཟོག་རྫི་དེ་ལ་ལམ་དྲིས།ཟོག་རྫིས་ཀྱིས་སྔོན་མ་བཞིན་དུ་ལན་བཏབ།དེ་ནས་ཡང་གཡུ་མཚོ་སོང་སོང་རྗེས་ལམ་ནས་རྟ་རྫི་ཞིག་ལ་ཐུག་ནས་རྟ་རྫི་དེ་ལ་ལམ་དྲིས།རྟ་རྫི་རྟ་རྫི་ཁྱེད་ཅིག་ཉོན་ལམ་གོང་མོ་འདི་གང་ལམ་རེད།ལམ་བར་མོ་ལམ་འདི་གང་ལམ་རེད།ལམ་མཐའ་མ་ལམ་འདི་གང་ལམ་རེད།ད་ནངས་ལྷ་ལས་གང་ལ་སོང་།འདི་རྟ་མགོ་གྲི་གཟུགས་དམའ་གི་རེད།འདི་མི་མགོ་གྲི་གཟུགས་མཐོ་གི་རེད་ཞེས་དྲིས།དེ་ནས་རྟ་རྫིས་ཀྱིས་གཡུ་མཚོ་གཡུ་མཚོ་ཁྱེད་ཅིག་ཉོན་ལམ་གོང་མོ་ལམ་འདི་སྤྱང་ལམ་རེད།ལམ་མཐའ་མས་ལམ་འདི་ཇག་ལམ་རེད།ལམ་བར་མོ་ནང་དུ་སོང་ར་དབུས་ལམ་རེད་འདི་ད་ནངས་ལྷ་ལས་དབུས་ལ་སོང་།འདི་རྟ་མགོ་གྲི་གཟུགས་མཐོ་གི་རེད།འདི་མི་མགོ་གྲི་གཟུགས་དམའ་གི་རེད་ཞེས་བཤད།དེ་ནས་གཡུ་མཚོ་སོང་སོང་རྗེས་ལྷ་ལས་ཀྱིས་ཡུལ་དབུས་ལ་ཐོན་དུས་སུ་ལྷ་ལས་ཤི་ནས་གཤིན་གསེག་བྱེད་དུས་སུ་ཐུག སྐབས་དེར་སྒོ་ཁ་རུ་ལྷ་ལས་ཀྱི་ཕ་མ་གཉིས་སྒོ་ཁ་རུ་བུད་ནས་བསྡད་འདུག ལྷ་ལས་ཡུལ་ལ་ཐོན་ནས་མ་ཤི་གོང་ལ་ལ་ལྷ་ལས་ཀྱིས་ཕ་མ་གཉིས་ལ་ཁྱེད་གཉིས་ཀྱིས་ལྟོས་ནས་སྡོད་ད་ཁོང་གིས་ཆུང་མས་བྱིས་པ་ལོ་གཅིག་ཁྱེར་ནས་ཁོང་གི་རྗེས་ལ་ཐོན་གི་ཡོད་ཞེས་རྗེས་ཤི་སོང་།དེ་རྗེས་ལྷ་ལས་ཀྱི་ཕ་མ་གཉིས་ཀྱིས་གཡུ་མཚོ་ལ་གླུ་འདི་ལྟར་བླངས་ཨ་ལ་ལ་ལོ་ལོ་ད་ཐོན་དང་ནས།འགྲོ་གོམ་པས་དང་ལྷོད་ཚར་སོང་པ།ལྟོགས་གོམ་པས་ཆུ་ལྟོགས་སྐམ་སོང་པ།མིག་ཆ་རིས་ལྟོས་ནས་རྡུལ་སོང་པ།ཁྱེད་བྱིས་པ་ལོ་གཅིག་བཞག་དང་ནས།རྟ་མདངས་ཅན་སྒོང་བ་འདྲ་བོ་གན འདི་ལྷ་ཡར་སྙེས་མགོ་བླ་མ་རེད་ཞེས་བཤད།དེ་དུས་ལྷ་ཡར་ཀྱིས་སྙེས་མགོ་རུ་བླ་མ་བཞུགས་ནས་གཤིན་གསེག་བྱེད་པས་ལྟ་གོན་བྱེད་ཀྱི་ཡོད།དེ་ནས་གཡུ་མཚོ་ངུ་བཞིན་རྗེས་ལ་རྒྱུག་ནས་གཤིན་གསེག་བྱེད་སའི་མཐའ་འཁོར་དུ་གྲོང་བས་ཁེངས།ནང་འཁོར་དུ་གྲྭ་བས་ཁེངས་དེ་ནས་གཡུ་མཚོ་ཡིས་མི་དེ་དག་ལ་ལམ་ཞིག་འབྱེད་དུ་བཅུག དེ་ནས་ལྷ་ལས་ཀྱི་ཕ་མ་གཉིས་དང་མཉམ་དུ་གཤིན་གསེག་བྱེད་སའི་མདུན་དུ་སོང་ནས།གཡུ་མཚོ་ཡིས་གླུ་འདི་ལྟར་བླངས་ངས་མགོ་གི་ཟི་ལོང་ཝ་ཞ་འདི་ང་ལ་མི་དགོས་ཁྱེད་ཀྱིས་བྱས།ཁྱོད་ཀྱི་མི་ཉལ་ཡུལ་ལ་འགྲོ་ནོ་རེད།ང་ངེད་གི་ཡུལ་ནས་འདུག་ནོ་རེད་ཞེས་ཟེར་ཞོར་དུ་མེ་ནང་དུ་གཡུག་རུང་མ་འབར།དེ་ནས་ཁོ་མོས་སྐེ་ཡིས་སྐེ་རྒྱན་ཁེར་རྐྱ་འདི་འདི་ང་ལ་མི་དགོས་ཁྱེད་ཀྱིས་བྱས།ཁྱོད་ཀྱི་མི་ཉལ་ཡུལ་ལ་འགྲོ་ནོ་རེད།ང་ངེད་གི་ཡུལ་ནས་འདུག་ནོ་རེད་ཞེས་ཟེར་ཞོར་དུ་མེ་ནང་དུ་གཡུག་རུང་མ་འབར།དེ་ནས་ལུས་ཀྱི་ཚ་རུ་གཡུག ངས་རྒྱབ་ཀྱི་ཚ་རུ་ཨ་ལོང་འདི་ང་ལ་མི་དགོས་ཁྱེད་ཀྱིས་བྱས།ཁྱོད་ཀྱི་མི་ཉལ་ཡུལ་ལ་འགྲོ་ནོ་རེད།ང་ངེད་གི་ཡུལ་ནས་འདུག་ནོ་རེད་ཞེས་ཟེར་ཞོར་དུ་མེ་ནང་དུ་གཡུག་རུང་མ་འབར།   ངས་སྐེད་ཀྱི་གོས་གཅིག་རས་གཅིག་འདི་ང་ལ་མི་དགོས་འདི་ང་ལ་མི་དགོས་ཁྱེད་ཀྱིས་བྱས།ཁྱོད་ཀྱི་མི་ཉལ་ཡུལ་ལ་འགྲོ་ནོ་རེད།ང་ངེད་གི་ཡུལ་ནས་འདུག་ནོ་རེད་ཞེས་ཟེར་ཞོར་དུ་མེ་ནང་དུ་གཡུག་རུང་མ་འབར།ངས་རྐང་གི་ས་ལྷམ་དམར་པོ་འདི་ང་ལ་མི་དགོས་ཁྱེད་ཀྱི་བྱས།ཁྱོད་ཀྱི་མི་ཉལ་ཡུལ་ལ་འགྲོ་ནོ་རེད།ང་ངེད་གི་ཡུལ་ནས་འདུག་ནོ་རེད་ཞེས་ཟེར་ཞོར་དུ་མེ་ནང་དུ་གཡུག་ནས་མ་འབར།དེ་ནས་ཁོ་མོ་ཡང་མེ་ནང་དུ་ལྡིང་ནས་གཉིས་ཀ་འབར་ནས་ཤི།