གཡུ་ཡི་རིལ་མ་གཏོང་བའི་གཡང་ལུག

最后更新于:2018-08-26 16:12:54

སྔོན་ཞིག་ལ། རྩྭ་ཆུ་གཉིས་འཛོམས་ཀྱི་འབྲོག་པའི་ཡུལ་ཞིག་ན་གཡོག་རྒན་བཀྲ་ལོ་ཞེས་འབོད་པའི་འབྲོག་པ་དབུལ་པོ་ཞིག་ཡོད་པརཁྱིམ་དུ་རྒྱུ་ནོར་ར་མའི་རིལ་མ་ཙམ་ཞིག་ཀྱང་སྟོན་རྒྱུ་མེད་པས།དུས་རྒྱུན་ཕྱུག་ཁྱིམ་ཐམས་ཅད་ཀྱི་ལུག་་རྫི་ལ་སོགས་གཡོག་ལས་སྣ་ཚོགས་བྱས་ཏེ་ལྟོགས་སྐོམ་དང་འཁྱག་གྲང་གི་སྡུག་བསྔལ་ནངདུ་འཚོ་བ་རོལ་ཐབས་དང་ཉི་མ་འཕུད་ཐབས་བྱས། ཉིན་ཞིག་གཡོག་རྒན་བཀྲ་ལོས་སྤྱང་ཀི་་ཁ་ནས་ལུ་གུ་ཆུང་ཆུང་ཞིག་གི་སྲོག་བསྐྱབས་ཏེ།རང་གི་ཁྱིམ་ལ་ཁྱེར་ཡོང་ནས་རིན་ཆེན་ནོར་བུ་ལྟར་བདག་གཉེར་ལེགས་པོ་བྱས།ཉིན་ཁ་ཤས་སོང་རྗེས་ལུ་གུ་དེས་བཏང་བའི་རིལ་མ་ཐམས་ཅད་གཡུ་ཡི་རིལ་མ་དག་དག་ཡིན་པས།གཡོག་རྒན་བཀྲ་ལོ་དགའ་སྤྲོ་སྐྱེས་ཏེ་འདི་སྐད་དུ། གཡང་ལུག་འདི་ནི་གནམ་རྒན་མས་ང་ལ་གནང་བ་ཡིན་ནོ་ཞེས་ལུ་གུ་དེའི་མིང་ལ་བཀྲ་ཤིས་གཡང་ལུག་ཅེས་བཏགས། འབྲོག་ཡུལ་དེའི་མི་ཚང་མས་གཡོག་རྒན་བཀྲ་ལོ་ཚང་ལ་གཡུ་ཡི་རིལ་མ་གཏོང་བའི་ལུ་གུ་ཞིག་ཡོད་པ་ཤེས་རྗེས། ཕྱུག་ཁྱིམ་དག་གིས་རྒྱུ་ཟོག་རྟ་ནོར་ལུག་གསུམ་ཁྱུ་ཁྱུ་བྱས་ཏེ་དེད་འོང་ནས་གཡུ་ཚོང་བརྒྱབ་པར་མ་ཟད། ཁོའི་མིང་ཡང་གཡོག་རྒན་བཀྲ་ལོ་ནས་ཨ་ཕ་བཀྲ་ལོ་རུ་གྱུར། དེ་ནས་བཟུང་ཨ་ཕ་བཀྲ་ལོའི་བསམ་པ་ནམ་ཡང་གཡུ་ཚོང་ཁོ་ནའི་ནང་དུ་འཁོར་རྐྱེན། གཡུ་ཡི་རིལ་མ་གཏོང་བའི་གཡང་ལུག་ལ་གཅེས་སྐྱོང་བྱས་པ་སྔར་ལས་ཇེ་ཞན་དུ་སོང་བར་མ་ཟད། ཉིན་ཞིག་ཨ་ཕ་བཀྲ་ལོས་གཡང་ལུག་འདིས་ཉིན་རེར་གཡུ་ཡི་རིལ་མ་ཐེངས་གཉིས་གསུམ་ཙམ་ལས་གཏོང་མི་ཤེས།གལ་ཏེ་ཁོ་བཤས་ཚེ་གཡུ་ཡི་རིལ་མ་ཡོད་ཚད་པོ་ཐེངས་གཅིག་ལ་བླངས་ཆོག་བསམས་ཏེ།གཡངས་ལུག་བཤས་ནས་རྒྱུ་མ་གཤགས་པ་ན།རྒྱུ་མའི་ནང་དུ་རྩྭའི་རིལ་མ་ཁ་ཤས་ལས་གཡུ་ཡི་རིལ་མ་གཅིག་ཀྱང་མི་འདུག དེ་ནས་བཟུང་གཡང་ལུག་མེད་པའི་ཨ་ཁུ་བཀྲ་ལོའི་རྒྱུ་སོགས་རྟ་ནོར་གསུམ་ལ་ཇག་རྐུན་གྱི་དེད། འཕྲོ་མ་ནད་ཡམས་ཀྱི་ཤི་ཚར་བས་ཨ་ཕ་བཀྲ་ལོ་སྔར་བཞིན་དུ་ཕྱུག་ཁྱིམ་རྣམ་ཀྱི་རྫི་བོ་རུ་གྱུར་བ་མ་ཟད། ཁོའི་མིང་ཡང་རང་ཤུགས་ཀྱིས་ཨ་ཕ་བཀྲ་ལོ་ནས་གཡོག་རྒན་བཀྲ་ལོ་རུ་ཏོ།།