གྲོག་མ་སྐེད་ཕྲ་དང་སྦལ་བ་ཕོ་ཆེ།

最后更新于:2018-08-26 16:12:00

གནའ་སྔ་མོ་ཞིག་ལ་གྲོག་མ་དང་སྦལ་བ་རི་བོང་གསུམ་སྤུན་བསྒྲིགས་ནས་མཉམ་དུ་འཚོ་བ་རོལ་བ་ན།གྲོག་མ་དང་སྦལ་བ་གཉིས་ཟས་འཚོལ་དུ་མི་འགྲོ་བས་ཉིན་རྒྱུན་རི་བོང་གཅིག་པུ་ཟས་བཙལ་དུ་འགྲོ་དགོས་བྱུང་། རི་བོང་གིས་དཀའ་ཚེགས་མྱངས་ཏེ་ཟས་ཁྱེར་ཡོང་ན་ཡང་གྲོག་མ་དང་སྦལ་བ་གཉིས་ཀྱིས་ལྐོག་ནས་རི་བོང་ལ་ངན་བརྗོད་པ་ལས་རྣམ་འགྱུར་བཟང་པོ་ཞིག་མ་བསྟན། དེ་བས་རི་བོང་གི་སེམས་ལ་ངས་ཁོ་གཉིས་ལ་གཡོག་ལས་ཅི་ཙམ་བྱས་ཀྱང་ངོ་ཅུང་ཟད་ཙམ་ཡང་མེད་པས་ཟས་བཙལ་དུ་་སོང་།མུན་རུབ་ཁར་ཤ་ལྡོག་ཅིག་ཁྱེར་ཡོང་ནས་གྲོག་མ་དང་སྦལ་བ་གཉིས་ལ་ཁྱོད་གཉིས་སྡོད་དང་ངས་གཡོ་སྐོར་བྱེད་ཟེར་བཞིན་ཤ་ཐུམ་གསུམ་བཙོས།དེ་ནས་ཤ་ཐུམ་ཚོས་ལ་ཡོད་དུས་ཉོལ་དང་ངས་ཤ་ཚོས་ཡོད་མེད་ལ་བལྟ་ཟེར་ནས་ཤ་ཐུམ་གཅིག་ཟོས།དེ་ནས་ཅུང་ཟད་བསྡད་རྗེས་ཡང་རི་བོང་གིས་ཁྱོད་གཉིས་ཉོལ་དང་ངས་ཤ་ལ་བྲོ་བ་ཨེ་ཡོད་བལྟ་ཟེར་ནས་ཡང་ཤ་ཐུམ་གཅིག་ཟོས།དེ་ནས་ཤུལ་ན་ཤ་ཐུམ་གཅིག་མ་གཏོགས་ལུས་མེད་པ་དེ་འང་རི་བོང་གི་འདི་ངས་སྐལ་ཡིན་ཟེར་ནས་ཟོས་སོ།། རི་བོང་གིས་རང་གི་འདོད་པ་ལྟར་གྲོག་མ་དང་སྦལ་བ་གཉིས་ལ་འཁོན་ལན་བསློགས་རྗེས་དགའ་སྤྲོའི་ངང་གནམ་ལྡིང་ས་ལྡིང་བྱེད་བཞིན་བུས་སོང་།དེ་ནས་སྦལ་བས་ང་ལ་ཁུ་བ་ཡོད་ནའང་ཆོག་ཟེར་ནས་ཤ་ཁུ་བཏུང་དྲགས་པས་ཕོ་བ་ཆེ་ཆེར་བསྐྱེང་ཅིང་།གྲོག་མ་ཤ་ཐུམ་ཕར་ཞོག་ཐ་ན་ཁུ་བ་ཡང་མ་ཐེམས་པས་ཕོ་བ་མི་ལྟོགས་པའི་ཆེད་དུ་སྐེ་རགས་ཀྱིས་ལུས་བསྡམས་པས་ན་གྲོག་མའི་སྐེད་པ་ཕྲ་བར་གྱུར་ཏོ།།