ང་རྒྱལ་ཅན་གྱི་དགེ་འདུན་པ།

最后更新于:2018-08-26 16:24:37

གནའ་སྔ་མོར་དགོན་པ་ཞིག་ན་གྲྭ་བ་ཚད་མ་ལ་ཅུང་མཁས་པ་ཞིག་ཡོད་པ་དེར་ང་རྒྱལ་ཧ་ཅང་ཆེ། ཉིན་ཞིག་ལ་བླ་མ་གྲུབ་ཆེན་པ་ཞིག་གིས་དེ་མཁྱེན་ནས་སེམས་ལ་ཁོའི་ང་རྒྱལ་དེ་གཅོག་དགོས་སྙམ། ཕྱི་ཉིན་བླ་མ་གྲྭ་བ་དེའི་སར་ཕྱིན་ནས་ཁོ་བོ་འདུ་ཁང་དུ་ཁྲིད། ལམ་དར་དུ་གྲྭ་བ་ཆུང་ཆུང་འགས་ལྷ་སྐུ་བཤིག་རལ་ཞིག་ཡོད་པ་དེ་འབེན་བྱས་ནས་རྡོ་བས་རྒྱག་བཞིན་ཡོད་པ་མཐོང་། གྲྭ་བ་དེས། བཱེ། དེ་འབེན་བྱེད་ག་ལ་ཉན། ལྷ་སྐུ་ཡིན་པ་མ་ཤེས་སམ་ཞེས་སྡིག་མོ་བྱས་པས་ན། གྲྭ་བ་ཆུང་ཆུང་ཚོས། ཁྱོད་ལ་དེ་བབ་མི་འདུག ང་ཚོས་དེ་འབེན་བྱེད་ཉན་མིན་བཤད་གི་མེད། འབེན་དེ་ལ་འཁེལ་མིན་རྩོད་གི་ཡོད་ཅེས་ལན་སློག གྲྭ་བ་དེ་ཁོངས་ཁྲོ་གཏིང་ནས་ལངས་ཏེ་ཁ་ནས་དཀོར་ཟན་ཁྱོད་ཚོ་ཞེས་སྡིག  སྐབས་དེར་བླ་མས། ད་ཅང་མ་བཤད།ཁ་རྩོད་བྱས་ན་ཁྱོད་ཀྱིས་གྲྭ་ཕྲུག་དེ་ཚོ་མི་ཐུབ། དེ་ལས་སང་ཉིན་དེ་དག་ལ་ཁ་དོག་དཀར་དམར་སོགས་ཀྱི་སློབ་ཁྲིད་ཞིག་བྱོས་དང་དགེ་རྩ་ཆེ་ཞེས་གསུངས་སོ།།

ཕྱི་ཉིན་ཁོས་བླ་མའི་གསུངས་པ་ནང་བཞིན་མགོར་ཞྭ་མོ་ཞིག་གྱོན་ཏེ་སློབ་ཁྲིད་བྱེད་དུ་སོང་། རྩོད་གྲྭར་གྲྭ་ཕྲུག་ཚོས་ཁྱེད་ཀྱི་མགོར་གོན་ཡོད་པ་དེ་ཅི་ཡིན་ཞེས་དྲིས། གྲྭ་རྒན་གྱིས་མུག་ཕྲུག་ཚོ། འདི་ནི་ཞྭ་མོ་རེད་ཅེས་བཤད་མ་ཐག་གྲྭ་ཕྲུག་ཚོས་བྱ་ཡིན་ན། བྱ་ཐམས་ཅད་མོ་མ་ཡིན་པར་ཐལ། ཕོ་ཡང་ཡོད་པའི་ཕྱིར་ཞེས་ཐལ་སྒྲ་དང་བཅས་རྩོད་པ་ཕངས། གྲྭ་རྒན་གྱིས་ཅི་ཡིན་འདི་ཡིན་མེད་པར་ངག་ནས་བྱ་ཡ་བཏགས་ཅན་ནི་དབུ་གྱི་ཞྭ་དང་ཞྭ་ཝ་ཟུར་ཅན་ནི་འཕུར་བའི་བྱ་ཡིན་ཞེས་ངག་ནས་ཤོར། གྲྭ་ཕྲུག་ཚོ་ནི་དེ་མ་ཐག་དགོད་ཁ་ཤོར་སོང་ངོ་།།