ཆོས་འཛིན་དང་ཟླ་སྒྲོན།

最后更新于:2018-08-26 15:19:45

གནའ་སྔ་མོ་ཞིག་ལ་རྒད་པོ་ཞིག་ཡོད་པ་དང་།   རྒད་པོ་ལ་བུ་མོ་ཞིག་ཡོད་པའི་མིང་ལ་ཟླ་སྒྲོན་ཟེར། དེའི་ཆུང་འདྲིས་བྱམས་པའི་མིང་ལ་ཆོས་འཛིན་ཟེར།  ལང་ཚོ་དར་ལ་བབ་རྗེས་ཆོས་འཛིན་དང་ཟླ་སྒྲོན་ནི་འཇིན་རྟེན་གྱི་འཁོར་བ་གཅིག་ཏུ་མཐུན་ནས་ཁྱིམ་གཅིག་ལ་སྨོན་ལམ་རྒྱབ་ཡོད།  འོན་ཀྱང་བུ་མོ་ཟླ་སྒྲོན་ནི་མི་ཡུལ་གྱི་ལྷ་མོ་འདྲ་བའི་མཛེས་པ་དང་ལྡན་པས་བདུད་དགྲ་འཛིན་ཡིས་རྫུ་འཕྲུལ་གྱི་ཁྱེར་བ་དང་རྒད་པོ་ལ་ཡང་རྨས། རྒད་པོས་བདུད་ནག་འགྲ་འཛིན་ལྕགས་མཁར་དགུ་བརྩེགས་ཡོད་པའི་ཚུལ་སོགས་བཤད་པ་དང་།  ཐོ་བ་ཆུང་ཆུང་ཞིག་རུམ་ནས་བླངས་ཏེ་བཤད་རྒྱུར།   བདུད་ཀྱི་ལྕགས་མཁར་གྱི་ནུབ་ཕྱོགས་ཀྱི་རྩིག་པའི་སྟེང་ན་དམར་ཐིག་ཅིག་ཡོད་པའི་ཐོག་ལ་ལན་གསུམ་གཞུས་པ་ན།   རྡོ་ཡི་སྒོ་ཆེན་པོ་ཞིག་ཕྱེས་ཡོང་བ་དེ་བརྒྱུད་ནས་འགྲོ་དགོས།   ཕོ་བྲང་སྒོ་མེད་ཀྱི་ནང་དུ་ད་དུང་དུག་སྡོམ་མང་པོ་ཡོད། འདི་དག་ནི་ང་རྒན་པོས་མི་ཚེ་གང་བོར་བརྟག་དཔྱད་བཏང་ནས་ད་གཟོད་ཤེས་པ་ཡིན་པས།   ད་ནི་ཁྱེད་ཀྱི་ཟླ་སྒྲོན་སྐྱོབ་པའི་དོན་འགྲུབ་པར་གྱིས་ཤིག”ཅེས་ཁོ་ལ་རེ་རེ་བཞིན་གསལ་བོར་བཤད་རྗེས།   རྒན་པོའི་དབུགས་ཀྱི་རྒྱུ་བ་ཡང་ཆད་པར་གྱུར་ཏོ།།ཆོས་འཛིན་གྱིས་བྲག་རྩ་དེར་ས་དོང་ཞིག་བྲུས་ཤིང་།    རྒན་པོའི་བེམ་པོ་ས་དོང་དེའི་ནང་སྦས་པ་རེད།   དེ་ནས་ཆོས་འཛིན་གྱི་གསོས་པའི་ཕུག་རོན་དང་ནགས་བྱེའུ་གཉིས་སྔོན་ལ་ལམ་ཉུལ་བྱེད་དུ་སོང་བ་དང་། ཆོས་འཛིན་རྗེས་འབྲངས་ནས་སོང་བ་རེད།

ནགས་བྱེའུ་དང་ཕུག་རོན་གཉིས་བྲག་འགག་ཅིག་ཏུ་སླེབས་པ་ན།   དོམ་ནག་འཇིགས་སུ་རུང་བ་ཞིག་གིས་བྲག་འགག་གི་ལྕགས་སྒོ་སྲུང་ཡོད་པ་རེད།   བྲག་འགག་དེ་རུ་ཡང་ཆུ་བོ་ནག་པོ་ཞིག་ཤག་ཤག་བཞུར་གྱིན་ཡོད་པར།   སྡོང་བོ་སྐམ་པོ་ཆུ་ནང་ལ་འགྱེལ་ཏེ་སྡོང་བོའི་ཡལ་ག་ཆུའི་ཕ་རོལ་དུ་བསྲིངས་འདུག    ནགས་བྱེའུ་ཡལ་གའི་སྟེང་ནས་དབུགས་ཐེངས་གཅིག་གིས་ཆུའི་ཕ་རོལ་ཏུ་འཕུར་ཞིང་།   ཁ་ནས་”ཙི་ཙི། ཙི་ཙི ”ཞེས་དོམ་ནག་ལ་སྡིགས་དམོད་བྱས།   དོམ་ནག་གིས་ངར་སྐད་སྒྲོག་བཞིན་སྡོང་བོའི་ཡལ་ག་བརྒྱུད་དེ་ནགས་བྱེའུ་འཛིན་པར་འགྲོ་སྐབས།    ཕུག་རོན་གྱིས་བར་སྣང་ནས་དོམ་ནག་གི་གདོང་བར་སྣང་ལ་ཕྱོགས་ཏེ་ཕུག་རོན་འཛིན་པར་བསམ་པའི་ཚེ།   རྐང་བ་འགྱེལ་ནས་ཆུ་ནག་ནང་ལ་ལྷུང་།

དུས་དེར།    ཆོས་འཛིན་ཡང་བྲག་འགག་ཏུ་སླེབས།   ཁོས་སྟ་རེ་ཡིས་ལྕགས་མཁར་གྱི་ཕྱིའི་ལྕགས་སྒོ་རྒྱབ་པ་ན།   ལྕགས་རིའི་སྒོ་ཕྱེ་བ་དང་ནང་ཕྱོགས་ཁ་དོག་སེར་པོ་ཡིན་ལ།   མི་དང་སྲོག་ཆགས་བགྲང་ལས་འདས་པ་ཞིག་གིས་ངལ་རྩོལ་བྱེད་ཀྱིན་ཡོད་པ་མཐོང་།   དེར་ཆོས་འཛིན་གྱིས་སྐད་ཆེན་པོས།   “ད་ནི་ཚང་མས་ངལ་རྩོལ་བྱེད་མི་དགོས།    ང་བདུད་ནག་འགྲ་འཛིན་འདུལ་དུ་ཡོང་བ་ཡིན”ཞེས་བསྒྲགས་ནས་ཁོ་ཚོར་ལས་མཚམས་འཇོག་ཏུ་བཅུག

ཡང་ཁོ་མུ་མཐུད་དུ་སོང་མཐར།   བདུད་ནག་དགྲ་འཛིན་གྱི་ལྕགས་མཁར་གྱི་ནང་གི་སྒོ་ཁར་སླེབས་ཏེ།   དུག་སྦྲུལ་འཇིགས་སུ་རུང་བ་ཞིག་ཙན་དན་སྡོང་བོའི་སྟེང་འཁྱིལ་འདུག་པ་མཐོང་།   ཆོས་འཛིན་གྱིས་འཕྲལ་མར་མདའ་ཞིག་གཞུ་སྟེང་དུ་སྤྲད་ནས།   “ད་ཐེངས་ངས་ཡིན་གཅིག་མིན་གཉིས་དུག་སྦྲུལ་འདི་གསོད་རྒྱུ་ཡིན”ཞེས་གཞུ་ང་འཐེན་ནས་མདའ་འཕང་ཏེ་བསད།

དེར་ཡོད་ཀྱི་མི་དང་སེམས་ཅན་སྲོག་ཆགས།   ཀླུ་སྲས་ཚང་མ་ཡང་ས་དེར་འདུས་ཡོང་བ་རེད།    ཁོས་སྤོབས་སེམས་ཆེན་པོས།    ཁོ་ཚོ་ཚང་མའི་སྣེ་ཁྲིད་དེ་སོང་།

ད་ནི་བདུད་ནག་དགྲ་འཛིན་གསོད་པའི་དུས་སུ་བབས་པས།   ནགས་བྱེའུ།   ཕུག་རོན་བཅས་ཕོ་བྲང་སྒོ་མེད་ཀྱི་ནང་དུ་ཆས་པ་རེད།    ཕོ་བྲང་དེའི་ནང་མུན་ནག་འཐིབས་ཡོད་པས།   ཆོས་འཛིན་གྱིས་དཔལ་འབར་རེ་སྦར་ཏེ་བགྲོད་ལམ་གསལ་བར་བྱས།   ཁོ་ཚོས་དུག་སྡོམ་རྣམས་མེར་བསྲེགས་གཏོང་ཞོར་དང་།   གསོད་ཞོར་ལ་ཁང་བརྩེགས་རེ་རེ་བཞིན་བརྒྱུད་དེ་དགུ་ཐོག་གི་རྩེར་སླེབས།

བདུད་ནག་ལ་ཆོས་ཀྱི་ཐོགས་ཀྱིས་རྨས་ཡོད་པས། ཁོ་ནང་དུ་ཡོང་བ་ཚོར་ནས།”ཁྱོད་སུ་ཡིན”ཞེས་ཁ་གྲག་ཐུབ་ལ་མི་ཐུབ་ངང་དྲིས་པ་ན།   ཆོས་འཛིན་གྱིས”ང་བདུད་མོ་ལག་རིང་ཡང་ངོས་མི་ཟིན་ནམ” ཞེས་ལན་བཏབ་པས།   ཡང་བདུད་ནག་གིས།   “ཕྱི་ལོགས་སུ་སྐད་སྒྲ་མང་པོ་སྒྲོག་གིན་འདུག་པ་ཅི་རེད”ཅེས་དྲིས།  ཆོས་འཛིན་གྱིས་རུམ་ནས་དུག་བླངས་ནས་བདུད་ནག་གི་ཁ་ནང་ལ་བླུགས་ཏེ་བཤད་རྒྱུར། “ཀླུ་སྲས་ཐ་ཆུང་དེ་ཤི་སོང་བ་རེད་ཟེར་བས།  གཡོག་པོ་ཚང་མ་དགའ་སྤྲོ་སྐྱེས་ནས་གླུ་དབྱངས་ལེན་གྱིན་ཡོད ”ཅེས་སྨྲས།   ཡང་བདུད་ནག་གིས་“དེ་རིང་གི་ཟ་མ་འདི་ནམ་རྒྱུན་དང་མི་འདྲ”ཟེར་བར། ཆོས་འཛིན་གྱིས་“ཟ་མ་འདི་ངས་ལོ་དགུ་བཅུ་གོ་དགུའི་རིང་ལ་བཟོས་པ་ཡིན།   ཁྱོད་ཀྱིས་འདི་ཟོས་རྗེས་རྨ་མྱུར་དུ་སོས་ངེས་ཡིན” ཞེས་སྨྲས།   ཡང་བདུད་ནག་གིས།   “ད་ངའི་རྨ་ཁར་སྨན་བྱུགས་རན་སོང”ཞེས་བྲང་དཀྱིལ་གྱི་རྣག་ཁྲག་བཞུར་བཞིན་པའི་རྨ་ཁ་ལག་པས་བསྟན།   ཆོས་འཛིན་གྱིས་“སྨན་གང་དུ་ཡོད”ཅེས་ཁ་ནས་ཤོར།   བདུད་ནག་གིས།   “་ཁྱོད་ཀྱིས་རང་གི་སྨན་གང་བཞག་ས་དེའང་མི་ཤེས་སམ།   ལག་རིང་རྐྱོངས་དང་ཁ་སང་གི་བཞག་ས་དེ་རུ་ཡོད།”  ཞེས་སྨྲས་པར། ཆོས་འཛིན་སེམས་འཚབ་ནས་འཚུབ་ཆ་ལངས།   དུས་དེར་ཕུག་རོན་འཕུར་ཡོང་ནས་ཆོས་འཛིན་གྱི་སྙིམ་པའི་ནང་སྒོ་ང་ཞིག་བཏང་བས།   ཁོས་སྒོ་ང་བཅག་སྟེ་བདུད་ནག་གི་རྨ་ཁར་བྱུགས་པ་རེད།

ཅང་མ་འགོར་བར་བདུད་ནག་གཉིད་དུ་ཡུར་བས།  ཆོས་འཛིན་གྱིས་སྟ་རེ་བླངས་ནས་བདུད་ནག་ཧ་ལའི་དཔྲལ་བའི་སྟེང་ཤུགས་ཀྱིས་གཞུས་ཀྱང་།   བདུད་ནག་མ་ཤི་བར་མིག་ཆེན་པོ་གློ་བུར་དུ་གདངས་ནས།   “ཚེ་ཟད་ཁྱོད་སུ་ཡིན”ཞེས་ཟེར་ཞོར་ལ་ཡར་ལངས་མ་ཐག་ནགས་བྱེའུས་མཆོངས་ཐེངས་གཅིག་གིས་བདུད་ནག་གི་མིག་གཉིས་ལ་སྡེར་འབྲད་ཅིག་བརྒྱབ་པས།   མིག་ནི་རལ་བར་གྱུར།  ཆོས་འཛིན་གྱིས་མདའ་གཅིག་འཕངས་པས།   བདུད་ནག་གི་བྲང་དཀྱིལ་ནས་དམར་རྒྱང་ངེར་ཐོན་ཏེ།   བདུད་ནག་དགྲ་འཛིན་དེ་མ་ཐག་ལྔ་བའི་ལམ་དུ་བསྐྱལ་ལོ།

དེ་ནས་མི་དང་།   སྲོག་ཆགས་ཚང་མས་བདུད་ནག་གི་ཕོ་བྲང་སྒོ་མེད་དེ་མེར་བགོས་ནས་བསྲེགས་པ་དང་།   བདུད་ནག་འདུལ་མཁན་ཁོ་ཕྲག་པའི་སྟེང་འཁུར།   ཟླ་སྒྲོན་དང་བདུད་ཡུལ་གྱི་རྒྱུ་ནོར་མ་ལུས་པ་ཁྱེར་ནས་འཇིགས་སུ་རུང་བའི་ས་ཆ་དེ་དང་ཁ་གྱེས་པ་རེད།   ནགས་བྱེའི་ཕུག་རོན་གཉིས་ཀྱིས་སྲོག་ཆགས།   སེམས་ཅན་རྣམས་ཁྲིད་དེ།   ནགས་ཚལ་དུ་སོང་བ་དང་ནགས་ཚལ་ནང་སྨན་སྣ་གཏོར་ནས་དུག་སེལ་བར་བྱས།   ཆོས་འཛིན་གྱིས་འབྲོག་པ་དང་རོང་བ་རྣམས་འཁྲིད།  ཟླ་སྒྲོན་དང་ནོར་ལུག་རྣམས་དེད་ནས་རྩ་ཐང་དུ་ལོག་པ་རེད།

དེ་ནས་ཉི་མ་བཟང་བོ་ཞིག་ལ།  ཆོས་འཛིན་དང་ཟླ་སྒྲོན་གཉིས་གཉེན་སྒྲིག།  དེ་ནས་འབྲོག་པ་རྣམས་ཀྱིས་བདུད་ནག་བཏུལ་བའི་དགའ་སྟོན་གྱི་ཆོ་ག་ཉིན་ཞག་མང་པོར་བྱས་དོ།