ཞི་ལའི་རྫུན་ཚིག

最后更新于:2019-01-12 04:36:40

གནའ་སྔ་མོ་ཞིག་ལ། ཞི་ལ་ཞིག་གིས་དགེ་སློང་ཞིག་གི་དངོས་པོ་མི་ཉུང་བ་བརྐུས།

ཉིན་ཞིག་ལ། ཁོས་དགེ་སློང་གི་ཕྲེང་བ་བརྐུས་ལ། དགེ་སློང་གིས་དོན་དེ་ཤེས་རྗེས་ཞི་ལ་དེ་བདའ་ནས་ཁོའི་རྔ་མའི་བཟུང་ནས་བཅད་པ་ཡིན། རྗེས་སུ་ཞི་ལ་དེར་རྔ་མ་མེད་པས། ཙི་གུ་འཛིན་མ་ཐུབ་པར་ཉིན་མཚན་མེད་པར་ཕོ་བ་ལྟོགས་ནས་བསྡད།

ཉིན་ཉིག་ལ། ཁོའི་སེམས་སུ་ཐབས་ཤེས་ཤིག་དྲན།ཁོས་རྐེ་ལ་ཕྲེང་བ་གྱོན་ནས་ཆོས་འདོན་ཁུལ་བྱས་ནས་བསྡད་ཡོད་སྐབས། ཙི་གུ་ཞིག་ཁོའི་གམ་དུ་ཐོན་བྱུང་།ཁོས་ཙི་གུ་དེ་ལ་འདི་ལྟར་བཤད “ཡ་་་་་་ང་དགེ་སློང་ཙི་གུའི་ལྷ་ཡིན།ངས་གཞན་གྱི་སྲོག་མི་གཅོད།བརྐུ་མི་བྭྱེད། དེས་རྐྱེན་གྱིས་ཙི་གུ་ཁྱེད་ཚོ་ང་ལ་སྐྲག་མི་དགོས།ངས་ཁྱེད་ཚོར་ཆོས་གནངས་ཆོག” ཅེས་རྫུན་བཤད། ཙི་གུ་དེས་ཞི་ལ་འདི་ངོ་མ་ཡ་མཚན་ཞིག་རེད།ང་ཚོ་ཙི་གུ་ཚོར་ངོ་མས་བཟང་གི་སྣམ་ནས།ཁོས་ཙི་གུ་ཚང་མ་བོས་ནས།ཡོད་ཚད་ཡོང་ནས་ཆོས་ལ་ཉན། ཞི་ལས་ཀྱང་ཆོས་བཤད་ཁུལ་བྱས་ནས་བསྡད།དེ་ནས་ཁོ་རང་འཐགས་ཞིག་གི་སྟེང་དུ་བསྡད་ནས། ཙི་གུ་ཚོ་ལ་གྲལ་སྒྲིག་ཏུ་བཅུག་ནས་ཁོར་བསྐོར་བ་བྱེད་དུ་བཅུག བསྐོར་བ་བྱེད་བཞིན་པའི་སྐབས་སུ་ཁོས་ཙི་གུ་ཚོའི་ཁྲོད་ཀྱི་ཆེས་རྗེས་མ་དེ་བཟུང་ནས་ཟ་གྱིན་འདུག དེའི་རྐྱེན་ཀྱིས་ཙི་གུ་དག་ཉིན་རེ་ནས་ཉིན་རེར་ཇེ་ཉུང་ནས་ཇུ་ཉུང་དུ་གྱུར དེ་བས་ཙི་གུ་ཚོས་ཀྱང་ “ཨ་ཡ་མཚན་་་་་་་འུ་ཅག་ཙི་གུ་ཚོ་ཇུ་ཉུང་ནས་ཇེ་ཉུང་ཡིན་པ་ཅི་ཡིན་ནམ”    ཞེས་བགྲོ་གླེང་བྱས། ཁོ་ཚོས་བསམ་བློ་ཡང་ཡང་བཏང་ནས་གྲོས་བསྡུར་བྱས་མཐར་ཞི་ལའི་སྟེང་ལཡོད་དོགས་པ་སྐྱེས དེ་ནས་ཙི་གུ་ཚོའི་དཔོན་པོ་ཞིག་ཡོད་པ་དེས་ཞི་ལ་སློབ་དཔོན་ཀྱི་སྟུག་པའི་ནང་དུ་སྤུ་དང་རུས་པ་ཡོད་མཐོང་། དེ་བས་ཞི་ལ་སློབ་དཔོན་གྱིས་རྫུན་བཤད་གྱིན་འདུག་སྙམ་ནས། ཉིན་ཞིག་ལ་ཁོ་ཚོ་ཚང་མས་འདི་ལྟར་དྲིས། “ ཨ་ཁུ་ཞི་ལ་སློབ་དཔོན་ལགས ཁྱེད་ཀྱིས་དུས་རྒྱུན་ཟ་མ་ཅི་ཞིག་ཟ་གྱིན་འདུག” ཅེས་དྲིས། ཁོས་བཤད་རྒྱུར་  “ ཨོ་ངས་ལོ་ཏོག་དང་རྩ་ཟ་བཞིན་འདུག”  ཟེར། དེ་ནས་ཙི་གུའི་དཔོན་པོ་ར་ཚང་གིས་ཙི་གུ་ཚང་མ་མཉམ་གཅིག་ཏུ་བསྡུས་ནས་   “ཨ་རོག་ཚོ ཞི་ལ་སློབ་དཔོན་གྱིས་འུ་ཅག་ལ་རྫུན་བཤད་གྱིན་འདུག  ཁོའི་སྟུག་པའི་ནང་དུ་སྤུ་དང་རུས་པ་ཡོད  འུ་ཚོས་འདིར་ཐབས་ཤིག་འཐེན་དགོས་ ཤེས་བཤད།” དེ་ནས་ཁོ་ཚོས་དྲིལ་བུ་ཞིག་ཁྱེར་ཡོང་ནས་  “ཞི་ལ་སློབ་དཔོན་ལགས འདི་ནི་ང་ཚོས་ཁྱེད་ལ་ཕུལ་བའི་རྒྱན་ཆ་ཡིན །” ཞེས་བཤད།  ཞི་ལའི་སྐེ་ལ་དྲིལ་བུ་ཞིག་བཏགས།

དེ་ནས་ཁོས་ཙི་གུ་དག་ལ་ཁྲུས་བྱས་ནས་ཁོ་ཚོར་གྲལ་སྒྲིག་ནས་བསྐོར་བ་དྱེད་དུ་བཅུག སྐབས་དེར་དྲིལ་བུ་གྲགས་མ་ཐག ཙི་གུ་ཚོས་མྱུར་དུ་བལྟས་པ་ན ཞི་ལ་སློབ་དཔོན་གྱིས་ཙི་གུ་ཆེས་རྗེས་མ་དེ་བཟུང་ནས་ཟ་བཞིན་པ་མཐོང་བྱུང་། སྐབས་དེར་ཙི་གུའི་དཔོན་པོས  “སློབ་དཔོན་རྫུན་སྐྱ། ཁྱོད་ཀྱི་སྟུག་པའི་ནང་དུ་སྤུ་དང་རུས་པ་ཡོད་པ་དེ་ཁྱོད་ཀྱིས་ངིུཅག་ཙི་གུ་དག་བཟུང་ནས་ཟོས་པ་རེད་།” ཞེས་བཤད་པ་ན། ཞི་ལས “ཨ་ཁ་ཁ  ངས་སྟུག་པའི་སྟེང་དུ་ས་འདེབས་རྒྱུ་བརྗེད་ཟིན” ཞེས་བཤད་ཞོར་མྱུར་དུ་སོང་ནས་སྟུག་པའི་སྟེང་དུ་ས་འདེབས་སྐབས། ཙི་གུ་ཚང་མ་རང་རང་སར་བྲོས་སོང་།