ཞི་ལུ་ལྡོམ་པོ།

最后更新于:2018-08-26 15:27:21

གནའ་སྔ་མོ་སྔ་མོ་ཞིག་ལ།   ཞི་ལུ་ལྡོམ་པོ་ཞིག་ཡོད།   ཁོ་ལྡོམ་ལྡོམ་ནས་རྒྱལ་ཁབ་ཞིག་ལ་ཐོན།  རྒྱལ་ཁབ་དེའི་རྒྱལ་བོ་ཚང་གི་ལུག་རྫི་ལ་ནད་བྱུང་བྱུང་བས་ལུག་རྫི་བྱེད་མ་ཐུབ།  རྒྱལ་བོ་ཚང་གི་གཉེར་བ་ལུག་རྫི་བཙའ་བར་ཡོང་བ་ཞི་ལུ་ལྡོམ་པོ་དང་ཐུག་ནས་ལུག་རྫི་བྱེད་མིན་བྲིས་པ་ན།  ཞི་ལུ་ལྡོམ་པོ་ལུག་རྫི་བྱེད་པར་འཐད་པ་བྱུང་།   དེ་ནས་ཁོ་ལུག་རྫི་བྱས་ནས་ཟླ་གསུམ་ལ་ཨ་ཁུ་རྒྱལ་བོ་ཚང་ནས་བསྡད།  ཟླ་གསུམ་གྱི་རྗེས་སུ་ཨ་ཁུ་རྒྱལ་བོ་ཚང་གི་ལུག་རྫིའི་ནད་སོས་ནས་ཕྱིར་ཐོན།   ཞི་ལུ་ལྡོམ་པོས་སེམས་ལ་ལུག་རྫི་ལོ་ཡང་ཅུང་ཆེ་བས་ད་ལྟ་ཁོ་ལུག་རྫི་བྱེད་དུ་མ་བཅུག་ན་ལྡོམ་དགོས། ལྡོམ་རྒྱུ་དེ་ལོ་ལོན་ཞིག་ལ་མཚོན་ན་ཧ་ཅང་དཀའ་མོ་ཞིག་རེད་བསམ།  རྒྱུ་མཚན་དེའི་དབང་གིས་ཞི་ལུ་ལྡོམ་པོས་ཨ་ཁུ་རྒྱལ་བོ་ལ་ཡར་ཞུ་བྱས་ནས་ཁོ་ལུག་རྫི་མི་བྱེད་ཅེས་ཞུ།  རྒྱལ་བོས་ཁོ་ལ་ལུག་གསུམ་བྱིན་ནས་བཏང་།  ཁོས་ལུག་གསུམ་པོ་དེད་ནས་སོང་སོང་རྒྱ་མཚོ་ཁ་ཞིག་ལ་ཐོན།   མཚོ་ཁ་དེ་ན་རྒྱ་ནག་འགའ་ཉྭ་བཟུང་ནས་རི་འདྲ་ཞིག་བརྩིགས་ཡོད།   ཁོས་དེར་བལྟས་ནས་ཡུན་རིང་ཞིག་འགོར་བ་ན།   ཉྭ་མགོ་གསེར་ཡིན་པ།   ཉྭ་རྐེད་དུང་ཡིན་པ།  ཉྭ་རྔ་དངུལ་ཡིན་པ་ཞིག་བཟུང་།  ཉྭ་མོ་དེས་ང་ཚེ་ཐར་ལ་གཏོང་ཞེས་ཡང་དང་ཡང་དུ་ཞུ་བ་བྱས་རུང་རྒྱ་ཁ་ནག་དེ་ཚོས་མ་བཏང་།  ཞི་ལུ་ལྡོམ་པོས་སེམས་ཀྱིས་མ་བཟོད་པར་ཉྭ་དེ་གཏོང་རོགས་གནོངས་ཞེས་བཤད།  རྒྱ་ནག་དེ་ཚོས་ཁྱོད་ལ་དེ་འདྲིའི་སྙིང་རྗེ་ཆེ་ན་ཁྱེད་ཀྱི་ལུག་གསུམ་པོ་བྱིན་དང་ཉྭ་འདི་ཁྱོད་ལ་སྟེར་ཞེས་བཤད།   ཞི་ལུ་ལྡོམ་པས་ལུག་གསུམ་པོ་རྒྱ་ནག་དེ་ཚོར་བྱིན།    ཉྭ་དེ་ཕྱིར་རྒྱ་མཚོའི་ནང་ལ་ཕྱིར་བཏང་།  ཞི་ལུ་ལྡོམ་པོ་སོང་ཡང་འགྲོ་ས་ཡང་མེད་པས་ཁོ་མཚོ་ཁ་དེ་ནས་ཡུན་རིང་ལ་བསྡད།   ཉི་མ་ནུབ་ལ་ཉེ་བའི་སྐབས་སུ་རྒྱ་མཚོའི་སྟེང་རྦ་རླབས་ཡར་འཕྱུར་ནས་དར་གྱི་གཟུགས་སུ་ཆགས། དེ་ནས་ཡང་རྦ་རླབས་གཅིག་ཐོན་ནས་དར་ཆགས།  ཐེངས་གསུམ་པར་ཆགས་པའི་ཆབ་རོམ་དགུང་ལ་ཟུག་པ་དེའི་སྟེང་ན་བུ་མོ་བཞིན་མཛེས་པ།  གོམ་པ་རྒྱན་ཆས་བཀང་བ།   སྐུ་གཟུགས་ཙ་རི་སྨྱུག་མ་འདྲ་བ་ཞིག་ཐོན།   བུ་མོ་དེས་ཁྱེད་ཀྱི་མིང་ལ་ཅི་ཟེར་ཞེས་དྲིས།  ཞི་ལུ་ལྡོམ་པས་ང་ས་མཐའ་འཁྱམས་ཞིང་ལྡོམ་ནས་བསྡད་ཡོད་པའི་མི་ཞིག་ཡིན།  མིང་ཡང་མེད་པས་ཞི་ལུ་ལྡོམ་པོ་ཟེར་ཞེས་བཤད།  དེ་ནས་བུ་མོས་ངའི་མིང་ལ་གངས་དཀར་སྒྲོལ་མ་ཟེར་ཞེས་བཤད་པ་དང་།  ཁོས་སྲོག་སྐྱོབ་པའི་གནས་ཚུལ་བཤད་རྗེས་ཁོ་འཁྲིད་ནས་ཀླུའི་ཕོ་བྲང་དུ་ཁྱེར་སོང་ནས་བཟའ་ཚང་བྱས་ནས་ཕོ་བྲང་ནང་ཡུན་རིང་ཞིག་ལ་བསྡད།  ཉིན་ཞིག་གངས་དཀར་སྒྲོལ་མས་ཞབས་ཏོག་སྒྲུབ་མཁན་དེ་སེམས་ལ་ཨ་ཡ་མཚན།  ནམ་རྒྱུན་སྲས་མོས་ཟ་མ་ཉུང་ཙམ་རེ་ལས་མི་ཟ་ལ།  ཉི་མ་འདི་ཚོའི་རིང་ལ་མི་གཉིས་ཀྱི་བསྐལ་ཟ་བ་རེད་བསམ་ནས་རྒྱལ་མོ་ལ་དེ་ལྟར་ཞུ།  རྒྱལ་མོས་མོ་ཞིག་བཏབ་ནས་གནས་ཚུལ་ཚང་མ་མཁྱེན།   ཞི་ལུ་ལྡོམ་པོ་བསོད་རྩིས་བྱས་བྱེད་བཞིན་པའི་སྐབས་སུ་སྲས་མོས་ཡང་ཤེས།  ཞི་ལུ་ལྡོམ་པོ་འཁྲིད་ནས་བྲོས་ནས་སོང་།

ཁོ་གཉིས་སོང་སོང་ནས་ཡངས་ཤིང་ཆེ་བའི་རྩ་ཐང་ཞིག་ལ་ཐོན་པ་དང་།  དགུང་མོ་དེར་ཁོ་གཉིས་སྦྲ་ཞིག་གཡར་ནས་བསྡད།  ཕྱི་ཉིན་བུ་མོས་ལུས་ལ་ཁ་ཏའི་ཕྱི་ལྤགས་ཞིག་གྱོན།  ཞི་ལུ་ལྡོམ་པོས་དེའི་རྒྱུ་མཚན་བྲིས་པ་ན།   གངས་དཀར་སྒྲོལ་མས་བཤད་རྒྱུར།  ང་ནི་ཀླུའི་བུ་མོ་ཡིན་པས་ཁ་ཏའི་ཕྱི་ལྤགས་འདི་གོན་ན་ད་གཟོད་ཀླུའི་བཟུང་དམག་གིས་མི་ཤེས་ཅེས་བཤད།   དེ་ནས་ཁོ་གཉིས་སོང་སོང་ནས་མེ་ཏོག་རྣམ་པར་བཀྲ་བའི་རྩྭ་ཐང་རྒྱ་ཆེན་པོ་ཞིག་ལ་ཐོན།   དེ་ན་ལུག་རྫི་ཞིག་ཡོད་པ་དང་།  ཞི་ལུ་ལྡོམ་པས་ཁྱོད་སུ་ཚང་གི་ལུག་རྫི་ཡིན་ཞེས་དྲིས་པ་ན།   ལུག་རྫི་དེས་ང་ནི་རྒྱལ་བོ་བུ་ལྡོམ་ཚང་གི་ལུག་རྫི་ཡིན་ཞེས་བཤད།   དེ་ནས་ཡང་ཁོ་སོང་སོང་ནས་ནོར་རྫི་ཞིག་ལ་ཐུག །  ཞི་ལུ་ལྡོམ་པས་ཁྱོད་སུ་ཚང་གི་ནོར་རྫི་ཡིན་ཞེས་དྲིས་པ་ན།   ནོར་རྫི་དེས་ང་ནི་རྒྱལ་བོ་བུ་ལྡོམ་ཚང་གི་ལུག་རྫི་ཡིན་ཞེས་བཤད།     ཡང་མང་ཙམ་ཞིག་ལ་སོང་བ་ན་རྟ་རྫི་ཞིག་ལ་ཐུག   །  ཞི་ལུ་ལྡོམ་པས་ཁྱོད་སུ་ཚང་གི་རྟ་རྫི་ཡིན་ཞེས་དྲིས་པ་ན།   རྟ་རྫི་དེས་ང་ནི་རྒྱལ་བོ་བུ་ལྡོམ་ཚང་གི་རྟ་རྫི་ཡིན་ཞེས་བཤད།   ཞི་ལུ་ལྡོམ་པས་སེམས་ལ་ཡ་མཚན་སྐྱེས་ནས་མུ་མཐུད་དུ་སོང་།  གློ་བུར་དུ་གངས་དཀར་སྒྲོལ་མས་བཤད་རྒྱུར།  ད་ཡུལ་ལ་ཐོན་ཐ་ཞེས་བཤད།  ཞི་ལུ་ལྡོམ་བལྟས་པ་ན།  སྦྲ་ཆེན་པོ་རྭ་སྐོར་ལ་འགྲན་པ་ཞིག་ཡོད།  དེའི་སྒོ་ཁར་རྟ་ནོར་ལུག་གསུམ་གྱིབཀང་ལ་ནང་ན་འོ་མར་རྩམ་གསུམ་གྱི་བཀང་།  ཁོས་འདི་སུ་ཚང་གི་སྦྲ་རེད་ཅེས་དྲིས་པ་ན།  གངས་དཀར་སྒྲོལ་མས་དགོར་ཞོར་ལ་འདི་ནི་འུ་ཚང་རེད་ཅེས་བཤད།  ཁོ་གཉིས་ཀྱིས་དེ་ནས་འཚོ་བ་རོལ་ནས་བསྡད།

ལོ་གཅིག་གི་རྗེས་སུ་ཁོ་གཉིས་ལ་བུ་ཞིག་སྐྱེས་པ་དང་།   ཀླུའི་ཕོ་བྲང་གིས་དམག་ཡོང་ནས་བུ་ཆུང་ཁྱེར།    ཁོ་གཉིས་བཙལ་བར་སོང་ནས་ལོ་མང་འགོར་ཡང་མ་རྙེད།  ལོ་བཅུའི་རྗེས་སུ་ཀླུའི་རྒྱལ་མོས་གངས་དཀར་སྒྲོལ་མ་ལ་རྨི་ལྟས་གནང་ནས་ཀླུ་རྒྱལ་བོ་བྱང་ཕྱོགས་དགའ་ལྡན་ཡུལ་ལ་གཤེགས་པ་དང་།  ཁོ་གཉིས་ཀྱི་བུ་ཀླུ་ཡུལ་ན་ཀླུའི་རྒྱལ་བོར་བསྡད་པ་ཤེས།

ཡང་ལོ་བཅུའི་རྗེས་སུ་ཀླུའི་རྒྱལ་བོ་ནར་སོན་ནས་ཕ་མ་གཉིས་ལ་ལྟ་རུ་ཡོང་བ་དང་ནོར་ཡང་མང་པོ་བྱིན།  དེ་ནས་ཁོ་ཚོ་བདེ་སྐྱིད་ཀྱི་འཚོ་བ་རོལ་ནས་བསྡད་པ་རེད།