འབུ་གྲོག་མ།

最后更新于:2018-08-26 15:54:17

གནའ་སྔ་མོ་ཞིག་ལ།ས་ཆ་ཞིག་ན་འབུ་གྲོག་མ་ཞིག་ཆུ་ནང་དུ་ལྷུང་ནས་ཤི་ལ་ཉེ་བའི་སྐབས་སུ།ནམ་མཁའ་ན་འཕུར་བཞིན་ཡོད་པས་བྱ་ཞིག་གི་ཚུལ་དེ་མཐོང་ནས་མྱུར་དུ་སྡོང་བོ་ཞིག་གི་མགོ་ལ་བབ་རྗེས།སྡོང་མགོ་ནས་ལོ་མ་ཞིག་བཏོག་ནས་འབུ་གྲོག་མ་ལྷུང་ཡོད་པའི་ཆུ་ནང་དུ་ལོ་མ་དེ་ལ་གཡུག་ནས་གྲོག་མ་དེའི་སྲོག་བསྐྱབས།ཉིན་འགའི་རྗེས་སུ་སྔོན་མའི་ནགས་ཚལ་དེ་ནང་དུ་རྔོན་པ་ཞིག་གི་ནམ་མཁའ་རུ་འཕུར་བཞིན་ཡོད་པས་བྱ་དེ་གསོད་བརྩིས་བྱེད་བཞིན་པ་མཐོང་རྗེས།འབུ་གྲོག་མའི་བྱ་དེ་ནི་སྔོན་མ་རང་ཉིད་ཆུ་ནང་དུ་ལྷུང་དུས་སུ་སྲོག་སྐྱོབ་མཁན་གྱི་བྱ་དེ་ཡིན་པ་ཤེས་ནས།མྱུར་དུ་རྔོན་པའི་རྐང་བའི་འགྲམ་དུ་སོང་ནས་རྔོན་པའི་རྐང་ཐོག་ལ་སོ་བཏབས་ནས་རྔོན་པའི་བྱ་ལ་གཏད་ཡོད་པས་མེ་མདའ་དེ་ཕྱོགས་མེད་དུ་འཕེན་དུ་བཅུག་ནས་དྲིན་ལན་འཇལ།