རི་བོང་དང་རུས་སྦལ།

最后更新于:2018-08-26 16:08:38

གནའ་སྔ་མོ་ཞིག་ལ་ས་ཆ་ཞིག་ན་རི་བོང་དང་རུས་སྦལ་ཞིག་འཚོ་སྡོད་བྱས་ཡོད།ཉིན་ཞིག་ལ་ཁོ་གཉིས་མཉམ་དུ་རི་རྩེར་ཞིག་ལ་ལྟད་མོ་བལྟ་བར་སོང་། ཉིན་དེར་ནམ་མཁའ་ནི་མཚོ་ལྟར་སྔོ་ཞིང་དྭངས་ལ། རི་ཡི་སྟོད་དུ་ཤིང་སྡོང་དང་སིལ་སྡོང་སྣ་ཚོགས་སྐྱེས་པ་དང་།རི་སྐེད་དུ་རྩི་ཏོག་སྣ་ཚོགས་ཀྱིས་ཁེངས་ཤིང་།དེའི་ཤོད་ན་མཚོ་དང་མཚེའུ་མང་པོ་སྔོ་འཁྱིལ་ལེར་ཁྱབ་འདུག་པས། ས་ཆ་དེ་ནི་ཧ་ཅང་ཡིད་དུ་འོངས་པ་ལྟ་ན་སྡུག་པ་ཞིག་ཡིན་ཕྱིན།རི་བོང་གིས་བལྟས་ཀྱིན་བལྟས་ཀྱིན་སེམས་རབ་ཏུ་དགའ་ནས་ངག་ནས་རང་དབང་མེད་པར་ཀྱེ་མ།ས་ཆ་འདི་ནི་འདི་འདྲ་བཟང་བ་ལ།གལ་ཏེ་རི་འདིའི་བདག་དབང་ང་གཅིག་པུས་བཟུང་ན་ཅི་མ་རུང་ཨང་སྙམ།དེར་ཁོས་ཐབས་ངན་སེམས་ལ་བཅངས་ཏེ་རུས་སྦལ་ལ།ཀྱེ་ནུ་བོ།སང་ཉིན་ངེད་གཉིས་རི་རྩེར་རྒྱུག་རེ་འཐེན་དུ་འགྲོ་ཡ།གལ་ཏེ་ཁྱོད་རང་ཐོག་མར་རི་རྩེར་ཐོན་ཐུབ་ན།རི་འདི་བདག་དབང་ཡོད་ཚད་ཁྱོད་ལ་སྟེར།གལ་ཏེ་ང་རང་སྔོན་དུ་ཐོན་སོང་ན་ཁྱོད་རང་ས་འདིར་འདུག་མི་ཆོག་ཅེས་ཟེར།རུས་སྦལ་གྱིས་གཏམ་དེ་ཐོས་ནས།ཡ་ད་མ་བཟང་ཐལ།རི་བོང་གི་ང་ས་ཆ་གཞན་པར་སྐྲོད་རྩིས་ཡོད་པས།ངས་ཁོ་ལ་རྒྱུག་འགྲན་མི་ནུས་ཕྱིར་ཐབས་མཁས་ལ་བརྟེན་ན་ལེགས་སྙམ་ནས།ཕུ་བོ་ང་རང་གི་རྐང་ལག་ཐུང་ཞིང་རྒྱུག་རྩལ་ཡང་མེད་པས།མར་རི་ཞབས་ནས་ཕྱིར་རི་རྩེར་གོག་ན་དུས་ཚོད་ཧ་ཅང་རིང་པོ་ཞིག་འགོར་འགྲོ་བས།རི་རྩེ་ནས་རི་ཞབས་ལ་རྒྱུག་ན་ཆོག་གམ་ཞེས་དྲིས།རི་བོང་གི་ཁོ་ངའི་རྒྱུག་ཡ་ལ་མི་དོ་བསམས་ནས་ཏེ་ཆོག་ཆོག སང་ཉིད་ནངས་སྔ་མོ་ཉི་རྩེར་མ་ཕོག་གོང་ཁྱོད་རི་ཞབས་ཀྱི་ཟམ་ཆེན་གྱི་ཁར་ཐོ་ན་དུ་ཆུགས་ཟེར།དགུང་མོ་རུས་སྦལ་རི་ངོས་སུ་བཞུར་ཆུ་ཞིག་ཡོད་པ་དེའི་ཁར་བསྡད།ཕྱི་ཉིན་ནམ་ལངས་མ་ཐག་བཞུར་ཆུར་འཛུལ་ནས་རི་ཞབས་ཟམ་ཆེན་གྱི་ཁར་འཁུར་དུ་བཅུག དེ་ནས་ཁོ་རང་ཟམ་ཐོག་ལ་འགོས་ནས་ཡུད་ཙམ་སོང་བ་ན། རི་བོང་ཡོང་བ་མཐོང་ནས། ཕུ་བོ་ཕུ་བོ་རེམ་མ་རྒྱུག རེམ་མ་རྒྱུག་ཟེར་ནས་ཀུ་ཅོ་བརྒྱབ་པས།རི་བོང་གིས་རུས་སྦལ་མཐོང་ནས་ངོ་མདོག་འགྱུར་ཞིང་མིག་མཐར་མཆི་མ་འཁོར་བཞིན་ས་ཆ་གཞན་དུ་མི་འཁྱམས་ཀ་མེད་བྱུང་བ་རེད།