སྒོར་མོ་རྣམས་ཤོག་བུ་རུ་གྱུར་པ།

最后更新于:2018-08-26 15:56:02

གནའ་སྔ་མོ་ཞིག་ལ་ས་ཆ་ཞིག་ན་རྒན་རྒོན་གཉིས་ཡོད།ཁོང་གཉིས་ལ་བུ་གསུམ་ཡོད་པ་ཚང་མ་རེ་རེ་བཞིན་མནའ་མ་བླངས་ནས་ཁྱིམ་གཞི་སྐྱོང་།ཁྱིམ་གཞི་སྐྱོང་རྗེས་བུ་དང་མནའ་མ་ཚང་མས་རྒན་རྒོན་གཉིས་ལ་བདག་སྐྱོང་བྱས་པ་མི་བཟང་ཞིང་།མཐའ་མར་རྒན་རྒོན་ཁོ་གཉིས་དང་མཉམ་དུ་འཚོ་བ་རོལ་ནས་བདག་སྐྱོང་བྱེད་མཁན་ཡང་མེད་པར་གྱུར།

ཉིན་ཞིག་ལ་ས་ཆ་དེར་ཚོང་བ་ཞིག་ཡོང་ནས་རྒན་རྒོན་དེའི་གཉིས་ལ་ཐུག་ནས་རྒན་རྒོན་དེ་གཉིས་ཀྱིས་གནས་ཚུལ་མགོ་ནས་མཇུག་བར་རྒྱུས་ལོན་བྱས་རྗེས་ཚོང་བ་དེས་ཁོང་གཉིས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་དང་བསམ་གཞིག་ནན་མོ་བཏང་རྗེས།རྒན་རྒོན་གཉིས་ལ་ཐབས་མཆོག་ཅིག་བཤད།ཚོང་བའི་ཐབས་བཀོད་དེ་ནི་རྒན་རྒོན་གཉིས་ཡུལ་ལ་སོང་ནས་ཁོང་གཉིས་ཀྱི་བུ་དག་ལ་ཟླ་རེར་བཞིན་ཁོང་རྒན་རྒོན་གཉིས་བདག་སྐྱོང་བྱེད་དགོས་པས་རེ་བ་བཏོན། བུ་གསུམ་པོས་ཟླ་རེ་བཞིན་བདག་སྐྱོང་བྱས་ནས་ཟླ་འགའ་འགོར་རྗེས་སླར་ཡང་བདག་སྐྱོང་མ་བྱས་པར།ཕ་མ་གཉིས་བདག་སྐྱོང་བྱེད་རྒྱུ་ནི་འགན་འཁུར་ཞིག་ཏུ་བརྩིས་ནས་འགན་འཁུར་ཕན་ཚུན་གྱིས་སྟེང་དུ་གཡུག་རེ་བྱས།དེ་བས་རྒན་རྒོན་གཉིས་ཀ་སྔོན་མ་ལྟར་བདག་སྐྱོང་བྱེད་མཁན་མེད་པར་གྱུར།

ཚོང་བས་ཡང་བསྐྱར་རྒན་རྒོན་གཉིས་ལ་བུ་གསུམ་ལ་རེ་བ་འདོན་དགོས་པས་ཐབས་འདི་བཤད་བུ་གསུམ་པས་མཉམ་དུ་ལམ་ཁ་ཞིག་ནས་ཁང་གཞི་ཆུང་ཆུང་ཞིག་བསྐྲུན་དུ་བཅུག་རྗེས། རྒན་རྒོན་གཉིས་ཀྱིས་ཉིན་མཚམས་མེད་པར་ཤོག་བུ་མང་པོ་དྲེས་རྗེས།ཤོག་བུ་དེ་དག་རེ་རེ་བཞིན་བརྩིས་ནས་ངག་ནས་སྒོར་མོ་ཁྲི་ཁྲི་འབུམ་འབུམ་ཞེས་བོས་ནས་རྩིས་དགོས་པས་ཐབས་བཤད། བུ་རྣམས་ལ་སྔོན་མ་བརྩིས་པས་ཤོག་བུ་དེ་དག་་སྒོར་མོ་ཡིན་པར་འཁྲུལ་དུ་བཅུག་ནས་རྗེས་མར་གསོ་རེས་བྱེད་དུ་འཇུག་པས་ཐབས་བཏོན་ནས།རྒན་རྒོན་ཁོང་གཉིས་ཕྱིར་ཡུལ་ལ་འགྲོ་རུ་བཅུག ཉིན་ཞིག་ལ་བུ་གསུམ་པོ་ལ་ཁོང་གཉིས་ཀྱི་ཁང་གཞི་ཆུང་ཆུང་དེའི་ལམ་ཁ་ནས་འགྲོ་དུས་སུ།དེ་ནས་བུ་གཅིག་གིས་ཕ་མ་གཉིས་ཀྱི་ཤོག་སྒོར་བརྩི་བ་དེ་ཐོས་མ་ཐག་བུ་གཞན་གཉིས་ལ་བཤད་ནས་ཕ་མ་གཉིས་གསོ་སྐྱོང་ཡག་པོ་བྱེད་རྒྱུ་ཡིན་ཞེས་རེ་རེ་བཞིན་འབོད་དུ་སོང་། བུ་གསུམ་པོས་ཕ་མ་གཉིས་སྐྱོང་འདོད་ཀྱིས་ཚིག་སྙན་མོ་དག་བཤད་རྗེས།ཨ་ཕས་འདི་ལྟར་བཤད་གལ་ཏེ་ཁྱེད་ཚོས་ངེད་གཉིས་གསོ་འདོད་ན་ཁྱེད་ཚོས་ཚོང་བའི་མདུན་ནས་བདེན་དཔང་ཡི་གེ་བྲིས་ནས་དཔང་ཡིག་བཞག་ཚེ།ད་གཟོད་ངེད་རྒན་རྒོན་གཉིས་གསོས་ཆོག ཚོང་བས་ཀྱང་དཔང་ཡིག་ལ་སོགས་སྒམ་ཆུང་ཆུང་ཞིག་གི་ནང་དུ་བཞག་ནས་ལྡེའུ་མིག་བུ་རྣམས་ལ་སྤྲད་རྗེས། སྒམ་དེ་རང་གི་བཟུང་ནས་བུ་རྣམས་ལ་འདི་ལྟར་བཤད་རྒན་རྒོན་གཉིས་ཀ་ཤི་རྗེས་སྒམ་འདི་སྡེ་བའི་མི་རྣམས་ཀྱི་མདུན་ནས་སྒམ་ཁ་ཕྱེས་རྒྱུ་ཡིན་པས་རེ་བ་བཏོན།བུ་རྣམས་ཀྱིས་ཀྱང་ཚོང་བས་བཤད་པས་སྐད་ཆ་དེ་ལ་ཁས་བླངས།དེ་ནས་རིམ་བཞིན་ལོ་འགའ་ཤས་འགོར་རྗེས་རྒན་རྒོན་གཉིས་ཤི་ནས་ཆོས་ལུགས་ཀྱི་རིམ་གྲོ་སོགས་སྒྲུབ་རྗེས།ཚོང་བས་སྔོན་མ་རང་གི་བཤད་པ་ལྟར་དུ་སྡེ་བའི་མི་རྣམས་ཀྱི་མདུན་ནས་སྒམ་ཁ་ཕྱེ་དུས་སུ།སྒམ་ནང་དུ་གི་སྒོར་མོ་ཚང་མ་ཤོག་བུ་མང་པོ་རུ་གྱུར་འདུག་པའི་ཚོང་བས་ཤོག་བུ་དེ་དག་ས་དེར་འདུས་ཡོད་པས་མི་རྣམས་ལ་བསྟན་ནས་སྒོར་མོ་ཚང་མ་ཤོག་བུ་དུ་གྱུར་ཞེས་བཤད་རྗེས་ཡུལ་དེ་དང་བྲལ་ནས་བུད་སོང་།