སྤྱང་ཀི་དང་རྟ་རྒན།

最后更新于:2018-08-26 15:36:14

གནའ་སྔ་མོ་ཞིག་ལ་ས་ཆ་ཞིག་ན་སྤྱང་ཀི་ཞིག་དང་རྟ་རྒན་གཉིས་ཡོད་ལ།  ཉིན་ཞིག་ལ་རྟ་རྒན་གྱིས་ཆུ་འགྲམ་དུ་རྩྭ་ལྟོ་འགྲངས་བ་ཞིག་ཟོས་རྗེས་ཆུ་བོ་དེར་བརྒལ་ནས་ཡོང་དུས་འདམ་ལ་ཟུག ཁོས་འདམ་ནང་དུ་ནུས་ཤུགས་ཡོད་རྒུས་འཕག་འཚགས་བྱས་ཀྱང་ཁར་ཡོང་མ་ཐུབ།

སྐབས་དེར་སྤྱང་ཀི་དེ་ཡང་ཆུ་འགྲམ་དུ་འགྲོ་བཞིན་པ་རྟ་རྒན་གྱིས་མཐོང་སྟེ་ཁོས་སྤྱང་ཀི་ལ་འདི་ལྟར་བཤད་རྒྱུར།ཨ་ཁུ་སྤྱང་ཀི་ལགས།   ང་རང་འདམ་ལས་ཕྱིར་འབུད་མ་ཐུབ་པས།ཁྱོད་ཀྱིས་ང་རང་སྐྱོབ་རོགས།

དེ་ནས་སྤྱང་ཀིས་ཕྱིར་རྟ་རྒན་ལ་ངས་ཁྱོད་རང་སྐྱབས་ན་ཆོག  འོན་ཀྱང་ད་ལྟ་ངའི་ཕོ་བ་ཧ་ཅང་ལྟོགས་པས།  ཁྱོད་རང་བསྐྱབས་རྗེས་ཤ་ཟ་རྒྱུ་ཡིན་ཞེས་བཤད། རྟ་རྒན་གྱིས་བསམ་བློ་ཅུང་ཙམ་བཏང་སྟེ། ཡ་ཆོག་གི ཁྱོད་ཀྱིས་ང་འདམ་ལས་སྐྱོབ་ཐུབ་ཚེ་ཁྱོད་ཀྱིས་ངའི་ཤ་ཟོས་ཆོག་ཅེས་བཤད།  དེ་ནས་སྤྱང་ཀིས་ནུས་ཤུགས་གང་ཡོད་བཏོན་ཏེ་རྟ་རྒན་འདམ་ལས་བླངས།

སྤྱང་ཀིས་ངས་ཁྱོད་འདམ་ལས་བསྐྱབས་ཟིན་པས། ད་ངས་ཁྱོད་ཀྱིས་ཤ་ཟ་རྒྱུ་ཡིན་ཞེས་ཟེར་བཞིན་རྟ་རྒན་གྱི་སྟེང་མཆོངས་རྩིས་བྱེད་སྐབས།   རྟ་རྒན་ན་རེ།  ཅུང་ཟད་སྡོད་དང་།   ངའི་ལུས་པོ་ཡོངས་འདམ་གྱིས་ཁེངས་ཡོད་།     འདི་གཙང་མ་ཞིག་མ་བཀྲུས་ན་ཁྱོད་ཀྱིས་ཟོས་ཀྱང་ཞིམ་པོ་མི་འདུག་པས།   ཐོག་མར་ཁྱོད་ཀྱིས་ངའི་ལུས་པོ་བཀྲུ་རོགས།

དེ་ནས་ལུས་པོ་སྐམ་རྗེས་ཟོས་ན་ད་གཟོད་ཟས་ན་ཞིམ་ཞེས་བཤད། དེ་ནས་སྤྱང་ཀིས་ཀྱང་དེ་བདེན་པར་སྙམ་ནས་རྟ་རྒན་གྱི་ལུས་པོ་གཙང་མ་ཞིག་བཀྲུས།  དེ་ལྟར་བསྒྲུབས་རྗེས་ཁོས་རྟ་རྒན་གྱི་ཤ་ཟ་གྲབས་བྱེད་སྐབས་ཡང་རྟ་རྒན་གྱིས་བཤད་རྒྱུར། ཅུང་ཟད་སྡོད་དང་། ངའི་རྐང་མཐིལ་དུ་གོང་མའི་བཀའ་ཡིག་ཞིག་བྲིས་ཡོད་ལ་ཁྱོད་ཀྱིས་དེ་བཏོན་རྗེས་ད་གཟོད་ང་རང་ཟོ།

སྤྱང་ཀིས་རྟ་རྒན་གྱི་རྐང་མཐིལ་སྟེང་གི་ཡི་གེ་དེ་འདོན་རྩིས་བྱེད་སྐབས་རྟ་རྒན་གྱིས་ཤུགས་ཆེན་པོས་འཕྲ་ཞིག་བརྒྱབ་པས།  སྤྱང་ཀི་དྲན་མེད་དུ་བརྒྱལ།  དེ་ནས་རྟ་རྒན་གྱིས་ཁ་ཕྱིར་འཁོར་ནས་ གོང་མའི་བཀའ་ཡིག་འདོན་ནོ་ཡིག་མཁན་པོ།   འགྲམ་པ་བློ་ཡིས་རྫོག་གི་ལས་ངན་པོ་ཞེས་བཤད་དོ།