སྦལ་བས་དྲིན་ལན་འཇལ་པ།

最后更新于:2018-08-26 15:58:14

གནའ་སྔ་མོ་ཞིག་ལ།ས་ཆ་ཞིག་ན་ལོ་ན་ཧ་ཅང་བགྲེས་པས་ཨ་ནེ་རྒན་མོ་ཞིག་ཡོད།ཉིན་ཞིག་ལ་ཁོང་མོས་ཆུ་འཁུར་ནས་འགྲོ་དུས་སུ།ཁོ་མོས་པུས་མོ་ན་ནས་རྡོ་ཕ་ལོང་ཞིག་གི་ཐོག་ནས་ངལ་གསོ་ཅུང་ཟད་མི་བྱེད་ཐབས་མེད་བྱུང་།རྒན་མོ་དེ་རྡོ་ཐོག་ནས་ངལ་གསོས་ནས་བསྡད་དུས་སུ་ཁོ་མོས་པུས་མོ་ནང་ནས་སྦལ་བ་ཞིག་ཐོན།རྒན་མོས་སྦལ་བ་དེ་རང་གི་པུས་མོ་ནང་ནས་ཐོན་པ་མཐོང་དུས་སུ་སྦལ་བ་ལ་འདི་ལྟར་བཤད་མཛེས་སྦོ་རོ་སྦོ་ངས་པུས་མོ་ཉིན་རྒྱུན་དུ་ན་བ་ནི་མ་གཞི་ཁྱོད་ཀྱི་དྲིན་རེད་ཟེར་ནས་སྦལ་བ་དེ་གསོད་རྩིས་བྱས།སྦལ་བས་སྐད་ཆ་དེ་དག་ཐོས་རུང་སྦལ་བ་ནི་སྔར་བཞིན་སྐྲག་སྣང་ཅི་ཡང་མེད་པར་རྒན་མོ་ལ་འདི་ལྟར་བཤད་ཁྱེད་ཀྱི་ང་སྔོན་ལ་མ་གསོད་དང་དུས་ནམ་ཞིག་ལ་ཁྱོད་ང་མཁོ་བས་ཉིན་ཞིག་ཡོད་ཞེས་བཤད།དེ་ནས་རྒན་མོ་ཀྱང་སྦལ་བས་སྐད་ཆ་དེ་དག་ལ་ཉན་རྗེས་སེམས་ལ་འདི་ལྟར་དྲན།གལ་ཏེ་རང་ཉིད་ཀྱི་སྦལ་བ་འདི་མ་བསད་པར་བཞག་ན་ཡང་རང་ཉིད་ལ་སྐྱོན་དང་གནོད་པ་ཆེན་པོ་མེད་པས།སྦལ་བ་མ་བསད་པར་སྦལ་བ་དེ་ཁྲིད་ནས་རང་ཡུལ་ལ་ལོག ཉིན་ཞིག་གི་དགོང་མོ་རྒན་མོ་དེ་ཚང་ལ་བ་གླང་རྐུན་མཁན་གྱི་རྐུན་མ་ཞིག་ཐོན།རྐུན་མས་བ་གླང་རྐུས་རྩིས་བྱེད་དུས་སུ་སྦལ་བ་གྲགས།རྐུན་མས་རྒན་མོ་དེའི་ཤེས་སོང་བར་དོགས་ནས་མྱུར་དུ་འགྲོ་རྩིས་བྱེད་དུས་སུ་སྔོན་མ་བ་གླང་གིས་བཏང་ཡོད་པས་ལྕི་བ་སྟེང་ནས་འགྱེལ་ནས་ཤི།