སློང་མོ་བ་གཉིས།

最后更新于:2018-08-26 15:58:56

གནའ་སྔ་མོ་ཞིག་ལ།ས་ཆ་ཞིག་ན་སློང་མོ་བ་གཉིས་ཡོད།སློང་མོ་གཅིག་ནི་ཉིན་རྒྱུན་དུ་ལེ་ལོ་མི་བྱེད་པར་སློང་མོ་བྱེད་དུ་འགྲོ།སློང་མོ་བ་གཞན་པ་དེ་ནི་སྔོན་མ་ལས་ལྡོག་སྟེ་ལེ་ལོ་ལ་དགའ་ཞིང་རྒྱུན་དུ་ཉལ་ནས་སློང་མོ་བྱེད་དུ་མི་འགྲོ།ཡིན་ནའང་།ཧུར་བརྩོན་ངང་སློང་མོ་བྱེད་མཁན་དེའི་ཉི་མ་རེ་རེར་སློང་ཡོང་བས་ཟ་མ་དག་ཟོས་ཚར་རྗེས།ཉལ་དུས་སླར་ཡང་ལྟོགས་ནས་མི་བཟོད་པར་ཉལ་དགོས།ལེ་ལོ་ཅན་དེ་ནི་ཉིན་གང་བོ་ཉལ་ནས་སློང་མོ་ལ་མ་སོང་རུང་ལྟོགས་རྒྱུ་མེད་པར་ཉལ་ནས་སྡོད་ཐུབ།དེ་ལྟར་ཡུན་རིང་འགོར་རྗེས།ཧུར་བརྩོན་ངང་སློང་མོ་བྱེད་མཁན་དེ་ལེ་ལོ་ཅན་གྱི་སློང་མོ་བ་དེ་ཟས་སློང་དུ་མ་སོང་རུང་།ཕོ་བ་ནི་ལྟོགས་རྒྱུ་མེད་པ་དེ་ལ་ཡ་མཚན་སྐྱེས།ཉིན་ཞིག་ལ་ཧུར་བརྩོན་ངང་སློང་མོ་བྱེད་མཁན་དེ་ཡང་ལེ་ལོ་ཅན་གྱི་སློང་མོ་བ་བཞིན་དུ་ཉལ་ནས་བསྡད་ནས།ཚོད་ལྟ་བྱས་རུང་རང་ཉིད་ནི་ལེ་ལོ་ཅན་གྱི་སློང་མོ་བ་བཞིན་དུ་ཉལ་ནས་སྡོད་མ་ཚུགས།དེ་ནས་ཁོས་ལེ་ལོ་ཅན་གྱི་སློང་མོ་བ་དེ་ལ་བཙན་གྱི་སློང་མོ་བ་དེ་ཡང་ཟས་སློང་དུ་འགྲོ་རུ་བཅུག ཉིན་འགའ་ཤས་ལ་སོང་རྗེས་ཧུར་བརྩོན་ཅན་གྱི་སློང་མོ་བ་དེ་ཡང་ཟས་སློང་དུ་འགྲོ་འདོད་མ་སྐྱེས་པར་ལེ་ལོ་ཅན་གྱི་སློང་མོ་བ་དེའི་མལ་སའི་སྟེང་ནས་ཉལ་ནས་བསྡད།རང་ཉིད་ཡང་ཟས་སློང་དུ་མ་སོང་རུང་ལེ་ལོ་ཅན་གྱི་སློང་མོ་བ་ལྟར་དུ་ལྟོགས་རྒྱུ་མེད་པ་རྟོག  ལེ་ལོ་ཅན་གྱི་སློང་མོ་བ་དེ་ནི་རང་ཉིད་སྔོན་མ་ལྟར་དུ་ཉིན་རྒྱུན་དུ་ཟས་སློང་དུ་སོང་རུང་།མཐའ་མར་ལྟོགས་ནས་ཤི།སྔོན་མ་ལེ་ལོ་ཅན་དེ་ཟས་སློང་དུ་མ་སོང་རུང་མི་ལྟོགས་པས་རྒྱུ་མཚན་ནི་ལེ་ལོ་ཅན་གྱི་སློང་མོ་བ་དེ་ཉལ་སའི་རྒྱབ་གྱི་ས་དེ་ན་ཁྱད་འཕགས་ཀྱི་གཏེར་ཞིག་ཡོད་པས་རྐྱེན་གྱི་སོ།།