ཨ་ཀ་མཇལ་བ་དང་སྤྱང་ཀི

最后更新于:2018-08-26 15:55:07

གནའ་སྔ་མོ་ཞིག་ལ།ཨ་ཀ་མཇལ་བ་ཞིག་སོང་སོང་ནས་ས་ཆ་ཞིག་ན་མི་ཚང་མས་རྡོ་ཤུར་བྱེད་བཞིན་པ་མཐོང་།ཁོ་རང་མདུན་ལ་སོང་ནས་ལྟ་དུས་སྤྱང་ཀི་ཞིག་བཅིགས་ནས་དོང་ཞིག་གི་ནང་དུ་སྣེར་ཡོད་པ་མཐོང་།ཨ་ཀ་མཇལ་བས་ཚུལ་དེ་མཐོང་དུས་སུ་སེམས་ལ་རང་དབང་མེད་པར་སྙིང་རྗེས་ཅིག་སྐྱེས་ནས་སྤྱང་ཀི་དེའི་སྲོག་བསྐྱབ།སྤྱང་ཀི་དེ་ས་དོང་ནས་བུད་མ་ཐག་མཇལ་བ་ལ་ང་ལྟོགས་ནས་བཟོད་མི་ཚུགས་པའི་ཁྱེད་རང་ངས་ཁ་ཟས་སུ་གྱུར་ན་ཅི་འདྲ་རེད་ཅེས་བཤད།ཨ་ཀ་མཇལ་བས་སྤྱང་ཀི་ལ་ལས་རྒྱུ་འབྲས་ཡོད་ནས་རེད།ངས་ཁྱོད་ཀྱི་སྲོག་བསྐྱབ་རུང་།ཁྱེད་ཀྱི་ང་ཟ་རྒྱུ་ཟེར་གི་ད་འུ་གཉིས་ཀ་གཞན་ལ་ལས་རྒྱུ་འབྲས་ཡོད་མེད་འདྲི་རུ་འགྲོ་ཞེས་བཤད།དེ་ནས་ཁོང་གཉིས་སོང་སོང་ནས་འབྲི་ཞིག་ལ་ཐུག་ནས་མཇལ་བས་འབྲི་ལ་ལས་རྒྱུ་འབྲས་ཡོད་མེད་དྲིས།འབྲི་ཡིས་ལས་རྒྱུ་འབྲས་ཡོད་ནས་མ་རེད།སྔོན་མ་རང་ཉིད་ལ་འོ་མ་བཞོ་རྒྱུ་ཡོད་དུས་སུ་རང་ཉིད་དགོས་མཁོ་ཆེ་ལ་ད་ལྟ་རང་ཉིད་ལ་བཞོ་རྒྱུ་མེད་དུས་རང་ཉིད་མི་དགོས་པར་བསྐྱུར་ནས་འཇོག་ལས་རྒྱུ་འབྲས་ཡོད་ནི་མ་རེད།དེ་ནས་སྤྱང་ཀིས་ད་ཐོས་སོང་མོད་ལས་རྒྱུ་འབྲས་ཡོད་ནི་མ་རེད་ཟེར་གི་ད་ངས་ཁྱོད་ཟ་རྒྱུ་ཞེས་བཤད་དུས།མཇལ་བས་འུ་གཉིས་ད་དུང་གཞན་ལ་འདྲི་རུ་འགྲོ་ཟེར་ནས་མུ་མཐུད་དུ་སོང་ནས་རྟ་ཞིག་ལ་ཐུག་ནས་ཡང་སྔོན་མས་འདྲི་ཚིག་དེ་དྲིས་རྟས་ལས་རྒྱུ་འབྲས་ཡོད་ནས་མ་རེད།རང་ཉིད་གཞོན་དུས་བཞོན་རྟ་བྱས་ནས་ད་རང་ཉིད་རྒས་ན་ད་མི་དགོས།ལས་རྒྱུ་འབྲས་ཡོད་ནས་མ་རེད།ཡང་མུ་མཐུད་དུ་སོང་སོང་ནས་རི་བོང་ཞིག་ཚུར་ཡོང་བ་མཐོང་ནས།མཇལ་བས་ཡང་བསྐྱར་སྔོན་མས་དོན་དག་དག་རི་བོང་ལ་བཤད།རི་བོང་གིས་ངས་སུ་བཤད་ཀྱང་ཡིད་མི་ཆེས་པས།ཁྱོད་གཉིས་ཀྱིས་སྔོན་མ་ཇི་ལྟར་བསྒྲུབ་པའི་བྱ་བ་རྣམས་བདག་ལ་དངོས་སུ་མ་བསྟན་ན་བདག་གིས་བདེན་རྫུན་གྱི་ཤན་འབྱེད་མི་ཐུབ་ཟེར།

དེ་ནས་སྤྱང་ཀི་ཡང་བསྐྱར་བཅིགས་ནས་ས་དོང་ནང་ལ་སྣུར་རྗེས་རི་བོང་གི་མཇལ་བ་ལ་ད་ཁྱོད་སོང་།ལས་རྒྱུ་འབྲས་འདི་རེད་ཞེས་བཤད་རྗེས་རི་བོང་ཡང་བུད་སོང་།