ཨ་ཁུ་འཚམ་པ་དང་བན་དེ།

最后更新于:2018-08-26 15:59:49

གནའ་སྔ་མོ་ཞིག་ལ་ས་ཆ་ཞིག་ན་འཚམ་ལ་བསྡད་ཡོད་པས་གྲྭ་རྒན་ཞིག་དང་བན་དེ་ཞིག་ཡོད།ཁོང་གཉིས་ལ་ཡོན་བདག་རྒན་རྒོན་ཞིག་ཡོད།ཉིན་ཞིག་གི་དགོང་མོ་རྒན་མོས་ལུག་རྣམས་ལུག་ཁང་དུ་བསྡུས་དུས་སུ་ལུག་གཅིག་མི་ཚང་བ་ཤེས།དེའི་དགོང་མོར་ཉལ་ཁར་རྒན་མོས་རང་གི་རྒད་པོ་ལ་དེ་རིང་འུ་ཚང་གི་ལུག་གཅིག་མི་ཚང་གི དེ་རིང་འུ་ཚང་གི་ལུག་རྣམས་ཨ་ཁུའི་འཚམ་ཁང་གི་གཡས་གཡོན་ནས་མ་གཏོགས་ས་གཞན་ལ་མ་སོང་བའི་ཨ་ཁུ་འཚམ་པ་དང་གྲྭ་ཕྲུག་གི་བརྐུས་སོང་བ་ཡིན་ནམ་ཞེས་བཤད།རྒད་པོའི་སྐད་ཆ་དེར་ཡིད་མ་ཆེས་པར།རྒན་མོ་ལ་འདི་ལྟར་བཤད་དེ་ཡིན་མི་སྲིད་ཨ་ཀ་ཆོས་འདོན་མཁན་ཞིག་གི་རྐུས་བྱེད་ནི་མ་རེད།ཡིན་ཡང་ང་ལྐོག་ཉན་བྱེད་གི་སོང་ན་ཆོག་གི་ཟེར་ཞོར་དུ།ཨ་ཁུ་འཚམ་པའི་འཚང་ཁང་འགྲམ་དུ་སོང་ནས་ལྐོག་ཏུ་ཨ་ཁུ་འཚམ་པ་དང་བན་དེ་གཉིས་ཀྱི་སྐད་ཆ་ཉན།ཨ་ཁུ་འཚམ་པ་དང་བན་དེ་གཉིས་ཀྱི་ལུག་ནི་སྔོན་མ་ནས་རྐུས་ཚར་རྗེས།གྲྭ་རྒན་ཉལ་སའི་ཐོག་ཏུ་བུད་ནས་ཆོས་བཏོན་ནས་བསྡད། སྐབས་དེར་གྲྭ་ཕྲུག་གི་ལྷས་རྭ་ནས་ལུག་བཅིགས་ནས་བཤའ་བཞིན་བསྡད།གྲྭ་རྒན་གྱིས་ཚུལ་དེ་མཐོང་རྗེས་བན་དེ་ལ་འདི་ལྟར་བཤད་བན་དེ་ཁྱེད་ཀྱི་རྒྱ་བཀྲིམ་བཞི་བོ་ཐོ་གཏུགས་(ནང་དོན་ནི་རྐང་ལག་བཞི་བོ་ཐོ་ཨེ་གཏུགས་)བན་དེ་ཡིས་ཐོ་གཏུགས་ཚར།དེ་ནས་གྲྭ་རྒན་གྱིས་བན་དེ་ལ་མུན་ནག་སྐ་ཁུང་གི་ཁ་ཨེ་ཕྱེས་(ནང་དོན་དགོང་མོ་ནི་ཤ་སྲོགས་)ཞེས་པའི་དོན་དེ་ནས་གྲྭ་རྒན་གྱི་ཡང་བསྐྱར་བན་དེ་ལ་དེ་རིང་གནམ་ཐང་ཡོད་གི་རུབ་ཡོད་གི་(ནང་དོན་ནི་ཤ་ཚོ་མིན་དྲིས་བའི་དོན)།བན་དེ་ཡི་ལན་དུ་ནམ་མཁའ་ན་སྤྲིན་ཆལ་ཆིལ་ལས་མེད་གི་(ནང་དོན་ནི་དེ་འདྲ་ཚོ་རྒྱུ་མེད་གི་ཞེས་པའི་དོན་ཡིན)།དེ་ནས་རྒད་པོ་སྐྱ་ལྡངས་གིས་འཚམ་ཁང་གི་ཕྱོགས་སུ་ཕྱག་གསུམ་འཚལ་རྗེས་ཕྱིར་རང་ཡུལ་ལ་ལོག རྒན་མོ་ལ་ངས་སྔོན་མ་གྲྭ་བ་གཉིས་ཀྱི་རྐུས་ནས་མ་རེད་ཞེས་བཤད་ན་ཁྱེད་ཀྱི་ཡིད་མི་ཆེས་གི ང་སོང་ནས་ཉན་དུས་ཨ་ཁུ་འཚམ་པ་དང་བན་ཕྲུག་གཉིས་ཀྱི་ཆོས་བཤད་ཅིག་རྒྱབ་ནས་བསྡད་འདུག་ཟེར་ནས་རྒན་མོ་ལ་ལེ་བདའ་བྱས།དེ་དེར་རྒན་མོ་རང་གི་སྔོན་མའི་དོགས་སེམས་དེ་ལ་འགྱོད་ནས་ཨ་མ་ལས་ངན་གོ ད་སེམས་ནག་དང་རེད་ཡ ད་ཨ་ཁུ་འཚམ་པ་དང་བན་དེ་གཉིས་རང་ཁྱིམ་ལ་ཞུས་ནས་སྟོང་བཤགས་ཅིག་གསུངས་དུ་བཅུག་ན་བཟང་མིན་དྲིས་པ་དེར་རྒད་པོ་ཡང་འཐད་མོས་བྱུང་།།རྒད་པོ་ཨ་ཁུ་འཚམ་པ་དང་བན་དེ་གཉིས་ཞུས་སུ་སོང་ནས་གཉིས་ཀ་ལ་འདི་ལྟར་བཤད་དེ་རིང་ངེད་ཚང་གི་ལུག་ཞིག་བོར་སོང་བས་ཁྱེད་གཉིས་ངེད་ཚང་ལ་སྟོང་བཤགས་ཅིག་འདོན་དུ་ཡོང་དགོས་ཞེས་ཞུས།གཉིས་ཀས་ཡ་ཡ་ཁྱོད་སོང་ར་ངེད་གཉིས་ཀྱིས་སྒོ་སོགས་བརྒྱབ་རྗེས་ཡོང་ཞེས་བཤད།རྒན་མོས་ཇ་བསྐོལ་ནས་སྒུག་ནས་བསྡད། གཉིས་ཀས་སྟོང་བཤགས་ཚར་གཅིག་གསུངས་ཚར་ནས་ཁྱབ་གསེང་ལ་བུད་དུས་སུ་འཚམ་ཁང་ནང་དུ་ཁྱི་རྐུན་ཁྱི་མོ་ཞིག་འགྲོ་རུ་ཡོད་པ་མཐོང་ནས།མྱུར་དུ་བན་དེ་ལ་འུ་ཚང་ལ་མཇལ་བ་་ཞིག་བུད་ཐ་ཁྱོད་མྱུར་དུ་སོང་ནས་ཅིག་ལྟོས་དང་ཞེས་བཤད།བན་དེ་རྒྱུག་སོང་ནས་བལྟ་དུས་སུ་ཁྱི་མོས་ར་མས་ནང་ཅོ་ཟོས་ཚར་ནས་ལུག་མགོ་འཁུར་ནས་ཕྱིར་ལྷས་རྭ་ནང་དུ་ཡོང་གི་ཡོད་པ་མཐོང་།ཁོང་གི་ཤིང་ཞིག་དང་རྡོ་ཞིག་གི་བརྒྱབ་བས་ཁྱི་མོ་དབུགས་རིང་ཞིག་བཏབ་རྗེས་བྲོས་སོང་།དེ་ནས་བན་དེ་ཕྱིར་ཐོན་དུས་ཨ་ཁུས་འཚམ་ས་བན་དེ་ལ་འུ་ཚང་གི་མཇལ་བ་ཡིས་ཅི་བྱེད་གི་ཡོད་གི་ཞེས་དྲིས།དེ་ནས་བན་དེ་ཡིས་ནང་གི་ལྷ་རྣམས་རེག་རེག་བྱས་ཡོད་གི་ཕྱིས་ཀྱི་ལྷ་ཐོ་ཐོ་རེས་སྒོར་ཕྱེས་ནས་ཡོང་གོ་གི ཁོས་ཤིང་ཟད་པོ་ཞིག་གི་མཇལ་ཀ་བཞག་རྡོ་གོར་མོ་ཞིག་གི་མཆོད་པ་བྱས། སེར་རུང་སྐྱོ་དོགས་ནས་བུད་ཐ  ཨ་ལགས་ཡ་ཡ་ལགས་ད་ཕྱིན་ཆད་ནས་མི་ཡོང་ཟེར་གི་ཞེས་བཤད་ནས་ཚར་སོང་ངོ་།།