ཨ་ཁུ་སྤྱང་ཀི་དང་རི་བོང་།

最后更新于:2018-08-26 16:00:32

གནའ་སྔ་མོ་ཞིག་ལ།རི་བོང་ཞིག་ཤ་མོ་འཐུ་རུ་འགྲོ་དུས་སུ།སྟབས་མ་ལེགས་པར་ལམ་ནང་ནས་སྤྱང་ཀི་ཞིག་ལ་ཐུག སྤྱང་ཀི་དེས་རི་བོང་ལ་བཤད་རྒྱུ་དེ་རིང་ད་ངས་ཁྱོ་ཟ་རྒྱུ་ཞེས་བཤད།རི་བོང་གིས་སྤྱང་ཀི་ལ་ད་རུང་ང་མ་ཟ་དོ་དགོང་ད་ཁྱེད་ཉིད་ང་ཟ་རུ་ཤོག་ཞེས་བཤད།དེ་ནས་རི་བོང་དེ་རང་ཉིད་འཆི་བར་སྐྲག་ནས་ངུ་བཞིན་ཡུལ་ལ་འགྲོ་དུས་སུ་ལམ་ཁ་ནས་ལྕི་བ་ཞིག་ལ་ཐུག ། རི་བོང་ཁྱོད་ཅི་ཕྱིར་ངུ་གི་ནས་ཞེས་དྲིས་དུས་རི་བོང་གི་ང་དོ་དགོང་ཨ་ཁུ་སྤྱང་ཀི་གིས་ཟ་རྒྱུ་ཟེར་ཀི་ཞེས་བཤད།ལྕི་བས་ཁྱོད་མ་ངུ་ང་ཁྱོད་ཉལ་རོགས་ཡོང་།དེ་ནས་ཡང་མུ་མཐུད་དུ་ངུ་བཞིན་ལམ་ནང་ནས་འགྲོ་དུས་སུ་སྒོང་བ་ཞིག་ལ་ཐུག།སྒོང་བས་རི་བོང་རི་བོང་ཁྱོད་ཅི་ཕྱིར་ངུ་གི་ནས་ཞེས་དྲིས་དུས་རི་བོང་གི་ང་དོ་དགོང་ཨ་ཁུ་སྤྱང་ཀིས་ཟ་རྒྱུ་ཟེར་ཀི་ཞེས་བཤད།སྒོང་བས་ཁྱོད་མ་སྐྲག་ར་དོ་དགོང་ང་ཁྱོད་ཉལ་རོགས་ཡོང་།དེ་ནས་ཡང་ཡང་མུ་མཐུད་དུ་ངུ་བཞིན་ལམ་ནང་ནས་འགྲོ་དུས་སུ་སྦལ་བ་ཞིག་ལ་ཐུག སྦལ་བས་རི་བོང་རི་བོང་ཁྱོད་ཅི་ཕྱིར་ངུ་གི་ནས་ཞེས་དྲིས་དུས་རི་བོང་གི་ང་དོ་དགོང་ཨ་ཁུ་སྤྱང་ཀི་གིས་ཟ་རྒྱུ་ཟེར་ཀི་ཞེས་བཤད།སྦལ་བས་ཁྱོད་མ་སྐྲག་ར་དོ་དགོང་ང་ཁྱོད་ཉལ་རོགས་ཡོང་། དེ་ནས་ཡང་ཡང་མུ་མཐུད་དུ་ངུ་བཞིན་ལམ་ནང་ནས་འགྲོ་དུས་སུ་ཁེད་ཞིག་ལ་ཐུག ཁེད་ཀྱིས་རི་བོང་རི་བོང་ཁྱོད་ཅི་ཕྱིར་ངུ་གི་ནས་ཞེས་དྲིས་དུས་རི་བོང་གི་ང་དོ་དགོང་ཨ་ཁུ་སྤྱང་ཀི་གིས་ཟ་རྒྱུ་ཟེར་ཀི་ཞེས་བཤད།ཁེད་ཀྱིས་ཁྱོད་མ་སྐྲག་ར་དོ་དགོང་ང་ཁྱོད་ཉལ་རོགས་ཡོང་།དགོང་མོ་དེར་སྤྱང་ཀི་རི་བོང་ཚང་ལ་ཐོན་ནས་རྫ་མ་ནང་ནས་ཆུ་འཐུང་རྒྱུ་གྲ་སྒྲིགས་བྱེད་དུས་སུ་རྫ་མ་ནང་ནས་སྦལ་བ་གྲགས་ནས་ཨ་ཁུ་སྤྱང་ཀི་ཆུ་འཐུང་མ་ཐུབ།དེ་ནས་ཐབས་ཀ་ནང་དུ་མེ་འབུད་རྒྱུ་གྲ་སྒྲིགས་བྱེད་དུས་སུ་ཐབས་ཁུང་ནང་ནས་སྒོང་ང་བཀད་ནས་སྤྱང་ཀི་སྐྲགས་ནས་བྲོས་ནས་འགྲོ་དུས་སུ་སྒོ་ཁར་ནས་ལྗིད་བ་ལ་ཐོག་དུ་གོམ་པ་སྤས་ནས་ཐང་ལ་འགྱེད།རྐང་ཐོག་དུ་ཁེད་འཛེར་ནས་སྤྱང་ཀི་གནམ་ལྡིང་ས་ལྡིང་བྱས་ནས་ཆུ་ནང་དུ་ལྷུང་།