ཨ་ཅེ་སེམས་གནག་མ།

最后更新于:2018-08-26 16:01:23

གནའ་སྔ་མོ་ཞིག་ལ་ས་ཆ་ཞིག་ན་རྒད་པོ་ཞིག་ལ་བུ་མོ་གཉིས་ཡོད།ས་དེའི་རྒྱལ་བུའི་ནི་བླུན་པོ་ཞིག་ཡིན།ཉིན་ཞིག་ལ་རྒྱལ་བོ་དེས་རྒད་པོ་ཚང་ལ་གནས་སློང་དུ་སོང་།བུ་མོ་ཆེ་བའི་སེམས་ལ་གལ་ཏེ་རང་ཉིད་རྒྱལ་བོ་ཚང་ལ་མནའ་མ་སོང་ན།རང་གི་མ་འོངས་བའི་བཟའ་ཟླ་ནི་བླུན་པོ་ཞིག་ཡིན་པ་རྟོགས་ནས་རང་ཉིད་རྒྱལ་བོ་ཚང་ལ་མནའ་མ་འགྲོ་བར་མ་འཐད།རྒྱལ་བོ་ཚང་གི་བཀའ་ནི་ལྡོག་ཐབས་མེད་པར་ཅི་བྱ་གཏོལ་མེད་ངང་ནས་བསྡད་ཡོད་དུས།བུ་མོ་ཆུང་བ་དེ་རང་ཉིད་ཨ་ཅེ་ཚབ་བྱས་ནས་རྒྱལ་བོ་ཚང་ལ་མནའ་མ་འགྲོ་བར་ཁས་བླངས།ཚང་མས་གཉེན་སྒྲིག་གི་སྟ་གོན་བྱས་ཚར་ནས་གཉེན་སྒྲིག་བྱས།བླུན་པོ་ཚང་ནི་སྟོབས་འབྱོར་ལྡན་ཞིང་མནའ་མ་ལ་ཤིན་ཏུ་གཅེས།དེའི་རྐྱེན་གྱི་བུ་མོ་ཆུང་བ་དེ་བདེ་ཞིང་སྐྱིད་པས་ངང་འཚོ་བ་རོལ་ཡོད་པ་བུ་མོ་ཆེ་བས་ཤེས་རྗེས་ཕྲག་དོག་རབ་ཏུ་སྐྱེས།བུ་མོ་ཆེ་བས་བུ་མོ་ཆུང་བ་རང་ཡུལ་ལ་ལོག་པས་གོ་སྐབས་དེ་འཆོར་རུ་མ་བཅུག་པར་བུ་མོ་ཆུང་བ་ཁྲིད་ནས་ཆུ་ཁར་རྩེས་རུ་ཕྱིན།དེ་ནས་བུ་མོ་ཆེ་བས་ཆུང་བར་ཁྱོད་གྱི་གོས་ཡག་པ་དེ་ངས་གོན།ངའི་གོས་ཧྲལ་ཧྲིལ་དེ་ཁྱོད་ཀྱིས་གོན།བུ་མོ་ཆུང་བ་ནི་ཆུང་དུས་སུ་བྱམས་སེམས་ཆེ་བའི་རྐྱེན་གྱི་ཨ་ཅེ་བཤད་པ་དེར་འཐད་པ་བྱུང་ཏེ་ཕན་ཚུན་གྱི་གོས་རྣམས་བརྗེས།ཨ་ཅེ་བུ་མོ་ལ་ཤ་ཚ་ཁུལ་བྱས་ནས་བུ་མའི་མགོའི་སྐྲ་གསེབ་ཀྱི་ཤིག་རྣམས་གསོད་བཞིན་ཡོད་པས་ཚུལ་བསྟན་ནས།བུ་མོའི་མཉམ་འཇོག་བྱས་མེད་དུས་སུ་རང་གི་སྲིང་མོ་ཆུ་ལ་སྐྱུགས།རྗེས་སུ་བུ་མོ་ཆུང་བ་དེའི་རྣམ་ཤེས་ནི་བྱེའུ་ཞིག་དུ་སྐྱེས།རྒྱལ་བོ་ཚང་གི་ཨ་ཁུ་རྟ་རྫིས་རྟ་ཁྲིད་སྟེ་ཆུ་ཁར་ཕྱིན་དུས་ནམ་རྒྱུན་དུ་ཆུ་ཁར་རུ་།བྱ་ཞིག་གི་ཙེ་བོ་ཙེ་བོ་ཆུ་དེ་མ་འཐུང་དྲི་ཆུ་རེད་ཡ།རྩ་དེ་མ་ཟ་དྲི་རྩྭ་རེད་ཡ།རྒྱལ་བོ་མནའ་མ་གསོད་ས་རེད་ཅེས་ཡང་ཡང་བཟློས།ཨ་ཁུ་རྟ་རྫི་དགོང་མོ་ཕྱིར་ཨ་ཁུ་རྒྱལ་བོ་ཚང་ལ་ཐོན་དུས་སུ་མྱུར་དུ་རྟ་རྫི་ཕྱིར་ལོག་པར་འཕྱི་བས་རྒྱུ་རྐྱེན་དྲིས།ཨ་ཁུ་རྟ་རྫི་ངས་ཆུ་ཁ་ནས་ཞྭ་མོ་བོར་སོང་བས་ཞྭ་མོ་བཙལ་ནས་འགོར་སོང་ཞེས་བཤད།ཨ་ཁུ་རྒྱལ་བོས་ཨ་ཁུ་རྟ་རྫི་ལ་ཞྭ་མོ་ཞིག་ཕྱིན།ཡང་ཕྱི་ཉིན་ཨ་ཁུ་རྟ་རྫི་ཆུ་ཁ་དེར་ཐོན་དུས་སུ་ཡང་བྱ་དེས་ཡིས་ཡང་བསྐྱར་སྔོན་མ་ལྟར་གླུ་ལངས།ཡང་ཨ་ཁུ་རྟ་རྫིས་སྔོན་མ་ལྟར་དགོང་མོ་འཕྱི་ནས་སོང་དུས་སུ་ཁོ་ལ་ཀོ་ལྷམ་མེད་པ་བཤད་པས་ཡང་ཨ་ཁུ་རྒྱལ་བོས་ཡང་ཀོ་ལྷམ་ཞིག་ཕྱིན།ཉིན་གསུམ་པར་ཨ་ཁུ་རྟ་རྫི་ཡང་བསྐྱར་ཆུ་ཁ་དེར་ཐོན་དུས་སུ་བྱ་དེས་སྔོན་མ་ལྟར་བཤད།སྔོན་མ་དང་མི་འདྲ་བ་ནི་ཐེངས་འདིར་ཨ་ཁུ་རྟ་རྫི་རང་ཉིད་དགོང་མོ་འཕྱི་བས་རྒྱུ་རྐྱེན་རྣམས་མ་གསང་མ་སྦས་བར་བྱ་དེའི་བླངས་པས་གླུ་རྣམས་ཨ་ཁུ་རྒྱལ་བོ་ལ་བཤད།རྒྱལ་བོས་རྟ་རྫི་ལ་ཁྱེད་ཀྱིས་བྱ་དེ་ཡུལ་ལ་ཁྲིད་ཡོང་ཐུབ་མིན་དྲིས།ཨ་ཁུ་རྟ་རྫི་རང་ཉིད་ཀྱིས་ཁྱེར་ཡོང་ཐུབ་པ་རྒྱལ་བོ་ལ་ཁས་བླངས།དེས་ཕྱི་ཉིན་ཨ་ཁུ་རྟ་རྫི་ཆུ་ཁ་སོང་ནས་བྱ་དེས་ཡང་བསྐྱར་གླུ་ལེན་རྩིས་བྱེད་དུས་སུ།ཨ་ཁུ་རྟ་རྫི་ཡིས་བྱ་དེ་ལ་འདི་ལྟར་བཤད་ཁྱེད་ཀྱིས་གླུ་ལངས་པ་ཧ་ཅང་ཡག་གི་ཁྱེད་ཀྱིས་ངས་མགོ་ལ་བབས་ནས་གླུ་ཞིག་ལོངས་བྱས་བཤད།ཡང་བྱ་ཡིས་དེ་ལྟར་བསྒྲུབ།དེ་ནས་ཨ་ཁུ་རྟ་རྫི་ཡིས་ཡང་བསྐྱར་བྱ་དེ་ལ་ཁྱེད་ཀྱིས་གླུ་ལངས་པ་ཧ་ཅང་ཡག་ཁྱེད་ཀྱིས་ངའི་ལག་མགོ་ལ་བབས་ནས་ལོངས་ཞེས་རེ་བ་ཞུས་དུས་སུ་བྱ་དེས་ཀྱང་ཁས་བླངས།བྱ་དེ་རང་གིས་ལག་ཐོག་དུ་བབས་དུས་སུ་ཨ་ཁུ་རྟ་རྫི་ཡིས་བྱ་དེ་བཟུང་ནས་རྒྱལ་བོ་ཚང་ལ་ཕྱིར་ལོག  དེ་ནས་བྱ་དེས་མི་གཞན་རྣམས་སྒོ་འོག་ནས་འགྲོ་དུས་སུ་འཇམ་པོ་ངང་བསྡད།ཨ་ཅེ་སེམས་གནག་མ་འགྲོ་དུས་སུ་བྱ་གཏུག་བཏང་ཨ་ཅེ་སེམས་གནག་མས་བྱ་དེ་ལ་ཡ་ཡ་ད་ཁྱོད་སྡོད་ད་དུས་ནམ་ཞིག་ལ་ངས་ཁྱོད་གསོད་ཞེས་བཤད།ཉིན་ཞིག་ལ་ཨ་ཅེ་སེམས་གནག་མས་བྱ་དེ་བསད་ནས་བྱ་དེ་ཚེར་མ་ཞིག་ཏུ་སྐྱེས།ཡང་ཚེར་མ་དེས་མི་གཞན་རྣམས་འགྲོ་དུས་སུ་ཚེར་མགོ་སྦས་ནས་བསྡད།ཨ་ཅེ་མསེམས་གནག་མ་འགྲོ་དུས་སུ་ཚེར་བཙགས་བྱས་ནས་ཨ་ཅེ་སེམས་གནག་མས་གོས་ལྭ་རས་ལྭ་རྣམས་བཤགས་པས་ཨ་ཅེ་སེམས་གནག་མས་ཡང་བསྐྱར་སྔོན་མ་ལྟར་བཤད་ནས་ཚེར་མ་དེ་མེ་ནང་དུ་འཕངས།ཚེར་མ་དེ་མེ་ནང་ནས་གཡུ་ཞིག་དུ་འགྱུར་ནས་ཁྱིམ་ཚང་དེ་གཡོག་མས་གཡུ་དེ་སྒམ་ནང་དུ་བཞག ལོ་མང་འགོར་ནས་སྒམ་ཁ་ཕྱེས་དུས་སུ་གཡུ་དེ་ནི་བུ་མེད་ལྟོས་ན་མཆོག་ཏུ་མི་རུང་བ་ཞིག་དུ་འགྱུར་ཡོད་པ་མཐོང་ནས་ཚང་མ་ཡ་མཚར་སྐྱེས།རྒྱལ་བོས་བུ་མེད་དེ་ལ་རྒྱུ་མཚན་དྲིས་དུས་སུ་བུ་མེད་དེས་སྔོན་མ་རང་གིས་འདས་དོན་རྣམས་རེ་རེ་བཞིན་བཤད།དེ་ནས་ཚང་མས་ཨ་ཅེ་སེམས་གནག་མ་རྒྱལ་བོ་ཚང་གི་མནའ་མ་མིན་པ་ཤེས་ནས་ཨ་ཅེ་སེམས་གནག་མ་གཡོག་མོ་བྱེད་དུ་བཅུག་ནས་བུ་མོ་ཆུང་བ་དེ་རྒྱལ་བོ་ཚང་གི་མནའ་མ་བྱས་ནས་བདེ་ཞིང་སྐྱིད་པས་ངང་འཚོ་བ་རོལ་ནས་བསྡད།