ཨ་མ་འདྲེ་མོ་དང་ཨ་ཕ་བླུན་པོ། 

最后更新于:2018-08-26 16:02:12

གནའ་སྔ་མོ་ཞིག་ལ་ས་ཆ་ཞིག་ན་བཟའ་མི་བཞི་ཡོད།ཉིན་ཞིག་ལ་ཨ་མ་ན་ནས་ཤི་ལ་ཉེ་དུས་སུ་ཁྱིམ་ཚང་དེའི་སྨན་པ་ཞིག་བཙལ་ནས་ཁོ་ལ་བལྟ་རུ་བཅུག སྨན་པ་དེས་ཁྱིམ་ཚང་ནང་དུ་མཆོད་མེ་ཞིག་བཞག་རྗེས་ཨ་ཕ་ལ་འདི་ལྟར་བཤད་གལ་ཏེ་མཆོད་མེ་འདི་གཟིམ་ཚེ་ཁྱེད་ཀྱི་ཆུང་མ་ཤི་འགྲོ།གལ་ཏེ་མ་གཟིམ་ཚེ་མི་ཤི་ཅེས་བཤད་རྗེས་བུད་སོང་།དེ་རྗེས་བཟའ་མི་ཚོས་ཅི་ཐུབ་ངང་སེམས་ཆུང་བྱས་རུང་།མཆོད་མེ་གཟིམ་སོང་བས་བཟའ་མི་ཚོ་སྡུག་བསྔལ་གྱི་གནས་སུ་གྱུར།དེ་ནས་ཅང་མ་འགོར་བར་རླུང་ཞིག་གི་ཁོང་ཚང་གི་སྒོ་ཕྱེས་།ཨ་ཕས་སྒོ་ཕྱེས་བ་མཐོང་རྗེས་རང་གི་བུ་ལ་ཁྱོད་མྱུར་དུ་སྒོ་རྒྱག་དུ་སོང་ཞེས་བཤད་རུང་།བུ་ཡིས་ཨ་ཕ་ལ་ཨ་ཕ་ཨ་ཕ་ང་སྒོ་རྒྱག་དུ་མི་འགྲོ་ཟེར་ནས་མ་སོང་།ཡང་ཨ་ཕས་བུ་མོ་ལ་རང་གི་སྔོན་མ་བུ་ལ་བཤད་པ་ལྟར་དུ་བཤད་ཡང་བུ་མོ་ཡང་བུ་བཞིན་དུ་སྒོ་རྒྱག་དུ་མ་སོང་།སྐབས་དེར་ཁོང་ཚང་གི་སྒོ་མདུན་གྱི་ས་སྒང་དེ་ཐོག་དུ་བུད་མེད་ཞིག་བསྡད་ཡོད་པ་དེས།མྱུར་དུ་རང་ཉིད་མཛེས་བཟོ་གང་ལེགས་བྱས་རྗེས་སླར་ཡང་རྫུན་འཕྲུལ་ལ་བརྟེན་ནས་རླུང་གཡུག་དུ་བཅུག  སྐབས་དེར་ཨ་ཕས་རང་གི་བྱིེས་པ་གཉིས་སྒོ་རྒྱག་ཏུ་མི་འགྲོ་བ་ཤེས་ནས།འུ་ཐུག་གི་ངང་རང་ཉིད་སྒོ་རྒྱག་དུ་ཡོང་དུས་སུ་བུད་མེད་དེ་མཐོང་ནས་ཡིད་སེམས་རང་དབང་མེད་པར་འཕྲོག ཨ་ཕ་ཕྱིར་རང་ཁྱིམ་དུ་ལོག་ནས་རང་གི་བུ་གཉིས་ལ་ངས་ཁྱེད་གཉིས་ལ་མ་ཡུམ་ཞིག་བཙལ་ན་བཟང་མིན་དྲིས།བུ་གཉིས་ཀྱི་མཉམ་དུ་ངེད་གཉིས་ལ་རང་གི་ཨ་མ་ལས་གཞན་མ་ཡུམ་མི་དགོས་ཞེས་བཤད་ནས་ཨ་ཕས་བཤད་པས་སྐད་ཆ་ལ་དང་ལེན་མ་བྱས།ཡིན་ཡང་རྫུན་འཕྲུལ་གྱིས་མགོ་འཐོམས་པའི་ཨ་ཕས་བུ་གཉིས་ཀྱི་བསམ་ཚུལ་ལ་ཁ་ཡ་མ་བྱས་པར་མ་ཡུམ་དེ་ཡུལ་ལ་ཁྲིད་ཡོང་ནས་མཉམ་དུ་འཚོ་བ་རོལ།ཉིན་ཞིག་ལ་བུད་མེད་དེ་ན་ཁུལ་བྱས་ནས་ཨ་ཕ་ལ་འདི་ལྟར་བཤད་ང་ཉིན་འདི་དག་གི་རིང་ལ་སྙིང་ན་ནས་མི་བཟོད་པས་ཁྱེད་ཀྱི་ང་ལ་སྨན་བཙལ་ཐུབ་བམ་ཞེས་དྲིས།དེ་ནས་ཨ་ཕས་བསམ་བློ་ཙམ་ཡང་མ་བཏང་བར་ཁྱེད་ཀྱི་ཆེད་དུ་ངས་ཅི་ཡང་བྱས་ཆོག་ཅེས་པས་མནའ་བསྐྱལ།དེ་ནས་བུད་མེད་དེ་སེམས་ནས་དགའ་སྤྲོ་ཞིག་སྐྱེས་ཞོར་དུ།དེ་ན་ང་ཁྱེད་ཀྱི་བུ་གཉིས་ཀྱི་སྙིང་བླངས་ནས་ཟས་ན་ངས་ནད་འདི་དྲག་ངེས་ཞེས་བཤད།ཨ་ཕས་དེ་ཐོས་དུས་སུ་སེམས་ནས་སྔོན་མའི་དམ་བཅའ་ལ་འགྱོད་པ་སྐྱས་རུང་མནའ་བསྐྱལ་ཟིན་པས་ད་འགྱུར་བས་ཐབས་མེད་བསམ་ནས་གྲི་བདར།དགོང་མོ་ཁོང་ཚང་གི་རྒྱབ་སྒོ་མདུན་གྱི་སྡོང་མགོ་ནས།ཁྭ་ཏ་ཞིག་མཚམས་མ་ཆད་པར་གྲགས་ནས་བུ་གཉིས་ཡ་མཚན་ནས།སྡོང་འོག་ཏུ་སླེབས་དུས་སུ་ཁྭ་ཏ་དེ་ཁ་གྲགས་ནས་བུ་གཉིས་ལ་ང་ཁྱེད་གཉིས་ཀྱི་ཨ་མ་ཡིན།སང་ཉིན་ཨ་ཕས་ཁྱེད་གཉིས་ཀྱི་སྙིང་བླངས་ནས་འདྲེས་མོ་དེ་ལ་བྱིན་ནས་བཟའ་རུ་འཇུག་རྒྱུ་ཡིན་པས།ཁྱེད་གཉིས་ཀྱི་ཨ་ཕ་ལ་སང་ཉིན་ཉིན་དཀར་གྱི་སྐབས་སུ་སྙིང་ལེན་དུ་མ་འཇུག སང་ཉིན་དགོང་མོས་སྐབས་སུ་ངེད་གཉིས་ཀྱི་སྙིང་ལོངས་ཞེས་རྫུན་བཤད་རྗེས།སང་ཉིན་དགོང་མོ་ཚང་མ་ཉལ་རྗེས་ཁྱེད་གཉིས་བྲོས་ཞེས་ཐབས་བཀོལ་འཐེན།ཕྱི་ཉིན་ཨ་ཕས་སྔོན་མ་ཨ་མས་བཤད་པ་བཞིན་དུ་སྙིང་ལེན་རྩིས་བྱེད་དུས་སུ་བུ་གཉིས་བྲོས། བུ་ཡིས་ཨ་ཕ་ལ་འདི་ལྟར་བཤད་ཨ་ཕ་ཨ་ཕ་ངས་སྙིང་སྨན་མ་རེད་ཨ་ཅེས་ཀྱིས་སྙིང་སྨན་རེད་ཞེས་ཟེར་ནས་བྲོས།དེ་ལྟར་བུ་གཉིས་ཀྱིསཕར་མགོ་ཚུར་མགོ་འཕངས་ནས་ས་རུབ་ལ་ཉེ།དེ་ལྟར་ཁོ་ཕ་བུ་གསུམ་པོ་ཐང་ཆད་ནས་བུ་ཡིས་ཨ་ཕ་ལ་ཨ་ཕ་ཨ་ཕ་དེ་རིང་ཕྱིར་ཡུལ་ལ་ལོག དེ་ནས་ནུབ་ཚ་འཐུང་ནས་ཚང་མ་རང་རང་སར་ཉལ་རྗེས་བུ་གཉིས་ཀྱིས་ཨ་མས་བཤད་པ་བཞིན་དུ་ས་ཆ་གཞན་ཞིག་དུ་བྲོས།

དེའི་ཕྱི་ཉིན་བུ་གཉིས་ཀ་ས་ཆ་གཞན་ཞིག་ལ་ཐོན་རུམ་གྲོ་མེད་པས་རྐྱེན་གྱི་ནུ་བོ་ལྟོགས་ནས་ཨ་ཅེ་ཨ་ཅེ་ང་ལྟོགས་གི་ཞེས་ཡང་ཡང་བཤད་རུང་།ཨ་ཅེ་ལའང་ཐབས་མེད་པས་མུ་མཐུད་དུ་མི་འགྲོ་ཐབས་མེད་རེད།གཉིས་ཀ་སོང་སོང་ནས་ལམ་སྐབས་ཞིག་དུ་ཨ་ཡེ་རྒན་མོ་ཞིག་གི་ཆུ་འཁུར་ནས་ཡོང་བ་ལ་ཐུག ཨ་ཅེས་རྒན་མོ་དེ་རུམ་ནང་དུ་གོ་རེ་དུམ་བུ་ཞིག་ཡོད་པ་མཐོང་ནས་རྒན་མོ་དེ་ལ་སློང་མོ་བྱས་ཡིན་ཡང་དང་ཐོག་མ་རྒན་མོ་དེ་ས་བུ་གཉིས་ཀ་གོ་རེ་དེ་་བྱིན།དེ་ནས་ཨ་ཅེ་ཡིས་ཁོང་གཉིས་ཀྱི་སྔོན་མས་དོན་དག་དེ་དག་རེ་རེ་བཞིན་རྒན་མོ་དེ་ལ་བཤད་རྗེས།རྒན་མོ་དེ་ཡང་རང་དབང་མེད་པར་སེམས་འགུལ་ཐེབས་ནས་གོ་རེ་དུམ་བུ་དེ་ཁོང་གཉིས་ལ་བྱིན།བུ་གཉིས་ཀྱི་རྒན་མོ་དེ་ལ་བཀའ་དྲིན་ཡང་ཡང་ཞུ་རྗེས་མུ་མཐུད་དུ་ལམ་ལ་ཆས།ལམ་ནང་དུ་ཨ་ཅེ་ཡིས་གོ་རེ་ཆེ་ཆུང་གཉིས་སུ་བགོས་ནས་གོ་རེ་ཅུང་ཆེ་བ་དེ།རང་གི་ནུ་བོ་ལ་བྱིན་ནས་ཆུང་བ་དེ་རང་གི་ཟོས།ཡང་སོང་སོང་ནས་ས་ཆ་གཞན་ཞིག་ལ་སླེབས་དུས་སུ་ནུ་བོ་སྐོམ་ནས་འགྲོ་མ་ཐུབ་པར་འགྲེ་ལོག་བརྒྱབ། ཨ་ཅེ་ཡིས་ནུ་བོས་སྡུག་བསྔལ་དེ་མ་བཟོད་པར་ཆུ་བཙལ་དུ་འགྲོ་པས་སྐབས་སུ།ཨ་ཅེ་ཡིས་གལ་ཏེ་རང་ཉིན་སླར་མ་ཡོང་གོང་དུ་ཆར་སོགས་བབས་ན།ནུ་བུའི་ཆུ་འཐུང་ཐུབ་པར་བསམ་ནས་ནུ་བོས་སྡོང་རྩ་ཞིག་གི་འོག་ཏུ་སྙེས་ནས།ནུ་བོས་ཁ་ནང་དུ་ལོ་མ་ཞིག་བཞག་ནས་ཁ་ནང་དུ་ཆར་བཞུར་བར་བསམ་ནས་ཆུ་བཙལ་དུ་སོང་།ལམ་ནང་དུ་ཨ་ཅེ་ཡིས་ཆུ་འཁྱེར་བྱེད་ཀྱི་སྣོད་མ་རྙེད་པར་ཁ་ནང་དུ་ཆུ་ཁྱེར་ནས་ཡོང་དུས་སུ་ཁྭ་ཏ་ཞིག་གི་ཨ་བ་ཞེས་གྲགས་ནས་ཨ་ཅེ་ཡིས་རང་གི་ཨ་མ་ཡིན་པར་འདོད་ནས་ཨ་མ་ཞེས་ཁ་གྲགས། ཁ་ནང་གི་ཆུ་ཚང་མ་མིད་ཚར་དེ་ནས་ཐེངས་འགའ་དེ་ལྟར་བྱས་རྗེས་ཨ་ཅེ་ཡིས་སེམས་ཕམ་ནས།རང་གི་ཨ་མ་མིན་པ་ཤེས་ནས་ཐེངས་རྗེས་མར་ཆུ་དེ་མ་མིད་པར་ནུ་བོ་ཡོད་སའི་ས་དེར་སླེབས་དུས་སུ།ནུ་བོ་ནི་སྔོན་མ་ནས་ཤི་ཚར་བས་ཨ་ཅེ་སེམས་པ་སྐྱོ་བཞིན་མུ་མཐུད་དུ་ལམ་ལ་མི་ཆས་ཀ་མེད་བྱུང་།དེ་ནས་ཁོ་མོ་ལྟོགས་སྐོམ་མྱང་ནས་མ་བཟོད་པར་འགྲོ་བས་དུས་སུ།ས་དེའི་རྒྱལ་བས་རྒྱལ་སྲས་ལ་མནའ་མ་བཙལ་བཞིན་ཡོད་པས་སྐབས་དང་ཐུག།རྒྱལ་བས་མནའ་མ་བཙལ་ཚུལ་ནི་གལ་ཏེ་བུད་མེད་ཞིག་གི་ལུས་སྟེང་དུ་རྒྱལ་སྲས་ཀྱིས་འཕངས་པས་མདའ་དེ་སུ་ལུས་སྟེང་དུ་ཕོག་ཚེ།བུད་མེད་དེ་ནི་རྒྱལ་སྲས་ཀྱི་མནའ་མ་ཡིན་ཞེས་པས་བཀའ་བབས་ཡོད།སྟབས་ལེགས་པ་ཞིག་ལ་མདའ་དེ་ཨ་ཅེ་ཡིས་ལུས་སྟེང་དུ་འཕོག

དེ་དུས་སུ་དམག་མི་རྣམས་ཀྱི་ས་ལ་འགྱེལ་ཡོད་པས་ཨ་ཅེ་ཁྱེར་ནས་རྒྱལ་ས་ལ་སླེབས་དུས་སུ།རྒྱལ་བློན་ཚང་མས་ཨ་ཅེ་ཡིས་ལུས་སྟེང་གི་ལྭ་བ་རལ་ནས་སྐྲ་སོགས་ཡང་གཟེངས་ནས་མིག་ལ་ཤིན་ཏུ་མི་མཛེས་པ་མཐོང་།སྐབས་དེར་རྒྱལ་བོ་ཡོང་ནས་བུ་མའི་རྒྱུ་མཚན་དྲིས་དུས་སུ།ཨ་ཅེ་ཡིས་སྔོན་མའི་དོན་དག་ཚང་མ་མ་གསང་མ་སྦས་པར་ཡོད་ཚད་བཤད།རྗེས་རྒྱལ་བློན་ཚང་མས་ཨ་ཅེ་ཀྱི་བཟོ་ལྟ་མི་ལེགས་པ་ཁག་མི་འདུག་ཅེས་ཡང་ཡང་བཤད།ཨ་ཅེས་རྒྱལ་སྲས་ཀྱི་མནའ་མ་བྱས་ནས་ཉིན་འགའ་འགོར་རྗེས།ཨ་ཅེ་ཡིས་རང་གི་ནུ་བོ་དྲན་ནས་མ་བཟོད་པར་རྟ་སོགས་ལ་ཟས་དང་གོས་སོགས་མང་པོ་བཀལ་ནས་སྔོན་མ་ནུ་བོ་ཤི་སའི་ས་དེར་ཕྱིན།ས་དེར་སླེབས་དུས་སུ་ས་དེ་ན་སྤྲེལ་ཞིག་གི་རང་ཉིད་ལ་མིག་གི་བགྲད་ཡོད་པ་མཐོང་ནས་ཨ་ཅེ་སྐད་ཅིག་ལ་ཧད་སོང་།དེ་ནས་སྤྲེལ་དེ་མིག་ནས་མཆུ་མ་འདོན་ཞོར་ཁ་ནས་ཨ་ཅེ་ཨ་ཅེ་ཁྱོད་སྐྲག་མི་དགོས།ང་གནའ་དེང་མ་འུ་གཉིས་ཀ་ཨ་ཕས་གསོད་རྩིས་བྱས་པས་ཁྱེད་ཀྱི་ནུ་བོ་དེ་ཡིན་ཞེས་བཤད།

ནུ་བུའི་བཤད་པས་སྐད་ཆ་དེ་དག་ཐོས་རྗེས།ཨ་ཅེ་ད་གཟོད་རང་གི་ནུ་བོ་མདུན་དུ་རྒྱུག་ནས་གཉིས་ཀ་དགའ་སྤྲོ་ངང་ལག་འཇུས་བྱས་ནས་རྒྱལ་བས་ཕོ་བྲང་ལ་ལོག ཉིན་འགའ་ཤས་ཀྱི་རིང་ལ་བུ་གཉིས་ཀས་ཁོ་གཉིས་ཁ་བྲལ་རྗེས་ཀྱི་འདས་སོང་གི་དོན་དག་དག་རེ་རེ་བཞིན་ཕན་ཚུན་ལ་བཤད་ནས།ཕོ་བྲང་དུ་བདེ་མོ་སྐྱིད་པོ་ངང་འཚོ་བ་རོལ་ནས་བསྡད། ཉིན་ཞིག་ལ་ནུ་བོས་ཤིང་མདའ་ཞིག་བཟུང་ནས་མེ་ཏོག་ལྡུམ་རའི་ནང་དུ་ཨ་ཅེས་དང་མཉམ་དུ་མདའ་འཕངས་ནས་རྩེད་མོ་ལ་རོལ་དུས་སུ།ནུ་བོའི་རང་གི་ཨ་ཕ་དྲན་ནས་ཨ་ཅེ་ལ་འུ་གཉིས་ཨ་ཕ་ལ་བལྟ་རུ་འགྲོ་བས་རེ་བ་ཞུ།ཨ་ཅེ་ཡིས་སྔོན་མ་ཨ་ཕས་འདྲེས་མོ་དེའི་ཆེད་དུ།ཁོ་གཉིས་ཀ་གསོད་འདོད་པས་དོན་དག་དེ་དག་རེ་རེ་བཞིན་ཡིད་ལ་དྲན་ནས་བལྟ་རུ་འགྲོ་འདོད་མ་བྱུང་།ནུ་བོས་ཨ་ཅེ་ལ་ཁ་ཏ་སློབ་གསོ་ཡང་ཡང་བྱས་རྗེས་མཐའ་མ་གཉིས་ཀ་འགྲོགས་ནས་བལྟ་རུ་འགྲོ་རྒྱུ་གྲོས་མཐུན་བྱུང་།གཉིས་ཀ་མཉམ་དུ་ཕྱིར་རང་གི་ཕ་ཡུལ་ལ་ལོག ཕ་ཡུལ་ལ་སླེབས་དུས་སྡེ་བས་མི་དང་སྲོག་ཆགས་མང་པོས་ཞིག་གི་ལུས་སྲུང་ཉམས་ནས་ཁྲག་སོགས་འཇུན་ནས་ཚར་ལ་ཉེ།བུ་གཉིས་ཀྱིས་དེ་དག་མཐོང་དུས་སེམས་ལ་དོགས་པ་སྐྱེས་ཞོར་དུ་རང་གི་ཡུལ་ལ་ལོག་དུས་སུ།ཨ་ཕས་ཁྲག་འཇུན་ནས་ཨ་ཕ་ནི་ཤ་རིད་ནས་ངོ་ཡང་མི་ཟིན་པར་གྱུར་ལ་ཉེ།དེ་ནས་ཨ་ཕས་བུ་གཉིས་སོང་བས་དོན་དག་དག་རེག་མས་ངང་བཤད་རྗེས་འདྲེས་མོ་དེ་ཕྱིར་ཡུལ་ལ་ཡོང་གི་ཡོད་པ་མཐོང་ནས།མྱུར་དུ་བུ་གཉིས་ཀ་ཉལ་སའི་ས་འོག་དུ་འཛུལ་དུ་བཅུག  ཡང་འདྲེས་མོ་དེ་ཡིས་ཨ་ཕས་ཁྲག་འཇུན་རྩིས་བྱེད་དུས་སུ་ནུ་བོས་ཉལ་སའི་འོག་ནས་སྔ་མོ་ནས་གྲ་སྒྲིག་བྱས་ཡོད་པས་ལྕགས་མདའ་ལྕགས་གཞུ་འཐེན་ནས་འདྲེས་མོ་དེ་བསད།འདྲེས་མོ་དེ་ནུ་བོས་བསད་ཟིན་པ་ཤེས་རྗེས་སྡེ་བ་གང་བོས་མི་རྣམས་དགའ་ནས་ནུ་བ་ལ་མངགས་བརྗོད་ཀྱིས་མེ་ཏོག་ཡང་ཡང་གཏོར།དེ་ནས་བུ་གཉིས་ཀྱི་ཨ་ཕ་ཁྲིད་ནས་རང་ཚང་གི་སྡོང་མགོ་རུ་བབས་ཡོད་པས་ཁ་ཏའི་སྐྱེས་བ་བླངས་ཡོད་པས་ཨ་མ་དང་བཅས། ཕྱིར་ཨ་ཅེ་མནའ་མ་སོང་ཡོད་པས་རྒྱལ་བས་ཕོ་བྲང་དུ་ཕྱིན་ནས་ཚང་མས་སྐྱིད་པས་འཚོ་བ་རོལ