ཨ་མ་འདྲེས་མོ་བསད་པ།

最后更新于:2018-08-26 16:03:09

སྔོན་ཞིག་ལ།ས་ཆ་ཞིག་ན་མ་བུ་གཉིས་ཡོད།ཁོང་གཉིས་སོང་སོང་མཐར་མེ་ཚར་ཡིན་ཡང་སྟབས་ལེགས་པ་ཞིག་ལ་བྲག་རྩ་ཅིག་ནས་དུ་བ་འཕྱུར་བཞིན་པ་ཡོང་པ་མཐོང་རྗེས།བུ་མོ་ས་དེར་མེ་སློང་གི་སོང་ནས་བྲག་ཁུང་དེ་ནང་དུ་ཐོན་ནས་ཨ་མ་འདྲེས་མོ་ལ་མེ་བསླང།མེ་བསླངས་ཚར་རྗེས་ཨ་མ་འདྲེས་མོས་བུ་མོ་དེ་ལ་དོ་དགོང་ང་ཁྱོད་ཟ་གི་ཡོང་རྒྱུ།བུ་མོའི་ལག་ལ་ཡོང་དཀར་ཅིག་བཞག་ནས་ལམ་ནས་འགྲོ་དུས་སུ་ཡོང་དཀར་དེ་ལམ་ནས་གཏོར་དགོས།བུ་མོ་ལམ་ནང་དུ་འགྲོ་དུས་སུ་སྐྱ་ཀ་ཞིག་ལ་འཕྲད་ནས་ཡོང་དཀར་གཏོར་དགོས་པའི་རྒྱུ་མཚན་དྲིས་རྗེས་ཁོ་ཁྱོད་སྲུང་གི་ཡོང་།ཁེ་གྲི་ཞིག་ལ་ཐུག་ཁོས་ཀྱང་ཁྱོད་སྲུང་གི་ཡོང་།

གྲི་ཞིག་ལ་འཕྲད་ནས་ཁོས་ཡང་ཁྱོད་སྲུང་གི་ཡོང་།ཁེབ་ཅིག་ལ་ཐུག་ནས་ཁོ་ཁྱོད་སྲུང་གི་ཡོང་།སྦལ་བ་ཞིག་ལ་འཕྲད་ནས་ཁོ་ཁྱོད་སྲུང་གི་ཡོང་།   བྱ་མོ་སྒོང་བ་ཞིག་ལ་འཕྲད་ནས་ཁོ་ཁྱོད་སྲུང་གི་ཡོང་།  རྡོ་ལི་ཞིག་ལ་འཕྲད་ནས་ཁོ་ཁྱོད་སྲུང་གི་ཡོང་།  ལྕི་བ་ཞིག་ལ་འཕྲད་ནས་སྔོན་མ་རྣམས་ལྟར་ཁོ་ཁྱོད་སྲུང་གི་ཡོང་།  སྐྱ་ཀས་ཁོ་སྒོ་མགོ་ནས་བསྡད་ནས་འདྲེས་མོ་ཡོང་བར་སོ་ལྟ་བྱེད་བྱེད།སྒོང་ང་ཁྱོད་ཐབ་ཀ་ནང་ནས་ཉལ་དགོས་།སྦལ་བས་ཁྱོད་རྫ་མ་ནང་ནས་ཉལ་དགོས།ཁེ་གྲི་ཁྱོད་སྙེས་མགོ་ནས་ཉལ།ཁེབ་ཁྱོད་གཡོན་ནས་ཉལ་དགོས།གྲི་ཁྱོད་གཡས་ནས་ཉལ་དགོས།འབིག་ཉལ་སའི་མཇུག་ནས་ཉལ་རོགས།རྡོ་ལི་ཁྱོད་སྒོ་མགོ་ནས་ཉལ་དགོས།ལྕི་བ་ཁྱོད་ནང་སྒོ་མ་བཞག་ཁ་ནས་ཉལ་དགོས།དེ་ནས་དགོང་མོ་འདྲེས་མོ་དེ་ཡོང་དཀར་དེས་རྗེས་བཏབ་ནས་བུ་མོ་ཚང་ལ་ཡོང་དུས་སུ་སྐྱ་ཀ་གྲགས་ནས་འདྲེས་མོ་ཡོང་བཞིན་ཡོད་པ་བརྡ་བརྒྱབ།དེ་ནས་ཨ་མ་འདྲེས་མོ་ཡོང་ནས་བུ་མོས་མགོ་ནས་སོ་འདེབས་རྩིས་བྱེད་དུས་སུ་ཁེ་གྲི་སྣེར་ནས་འདྲེས་མོ་མགོ་ལ་བཙགས།ཨ་མ་འདྲེས་མོ་མགོ་ནས་ཟ་མི་རུང་བསམ་ནས་མཇུག་ནས་ཟ་བརྩི་བྱེད་དུས་སུ་མཇུག་ནས་འབིགས་བཙག་བྱས།གཡས་ནས་ཟ་རྒྱུ་གྲལ་སྒྲིག་བྱེད་དུས་སུ་ཁེབ་ཀྱི་བཙག ཡང་གཡོན་ནས་ཟ་བར་གྲལ་དུས་གྲི་ཡིས་བཙག ཨ་མ་འདྲེས་མོ་མེ་ཞིག་འབར་བརྩི་བྱེད་དུས་སུ་མེ་འབར་ནས་སྒོང་ང་བཀད་ནས་ཨ་མ་འདྲེས་མོའི་མིག་ཞར་དུ་བཅུག མེ་ཐོག་དུ་ཆུ་ལྡུག་བརྩི་བྱེད་དུས་སུ་སྦལ་བ་གྲགས་ནས་སྐྲག་ནས་བྲོས། བྲོས་ནས་སྒོ་རུ་འགྲོ་བརྩི་བྱས་ནས་འགྲོ་དུས་སུ་ལྕི་བ་ཐོག་དུ་རྐང་བ་སྤོས་ནས་ས་ལ་འགྱེལ་ནས་སྒོ་མགོའི་རྡོ་ལི་ལྷུང་ནས་ཨ་མ་འདྲེས་མོ་བསད།དེ་ནས་བཟུང་མ་བུ་གཉིས་སྐྱིད་པས་ངང་འཚོ་བ་རོལ་ནས་བསྡད།