ཨ་མ་རི་བོང་དང་ཨ་མ་དྲེས་མོ

最后更新于:2018-08-26 16:04:47

གནའ་སྔ་མོ་ཞིག་ལ་ས་ཆ་ཞིག་ན་ཨ་མ་རི་བོང་ཞིག་དང་ཨ་མ་དྲེས་མོ་གཉིས་ཅོ་མ་བསྐོ་རུ་སོང་།ཨ་མ་རི་བོང་གི་ཧུར་བརྩོན་བྱས་ནས་ཅོ་མ་བརྐོས།ཡིན་ཡང་ཨ་མ་དྲེས་མོ་ནི་དེ་ལས་ལྡོག་སྟེ་ལེ་ལོ་ངང་ངལ་གསོས་ནས་མང་པོ་མ་བརྐོས།ཅོ་མ་འགའ་བསྐོས་པ་ཡང་གཅིག་ཁ་ནང་དུ་ཟོས་ནས་ཅོ་མ་གཅིག་ཀྱང་མ་གསོག དེ་ནས་ཡུམ་ཙམ་འགོར་རྗེས་ཨ་མ་རི་བོང་གི་ཨ་མ་དྲེས་མོ་ལ་ད་འུ་གཉིས་ཡུལ་ལ་འགྲོ་རེ་ཞེས་བཤད།ཨ་མ་དྲེས་མོས་ང་ད་རུང་ཡུལ་ལ་མི་འགྲོ ངས་ག་མོ་ནང་སྟོང་བ་ཡིན།འུ་གཉིས་ཀྱིས་ཅུང་ཙམ་བརྐོ་ར་ད་འགྲོ་ཞེས་བཤད།ཨ་མ་དྲེས་མོ་ཡིས་ལྐོག་ཏུ་ཨ་མ་རི་བོང་གི་ག་མོ་ནང་དུ་ལྟ་དུས་སུ་ཨ་མ་རི་བོང་གི་ག་མོ་ནང་དུ་ཅོ་མ་ཁ་གང་བ་མ་ཟད་ད་དུང་ཕྱིར་རུ་ལྷུང་བཞིན་འདུག་པ་མཐོང་།དེས་དུས་སུ་ཨ་མ་དྲེས་མོ་གི་སེམས་ནང་ནས་ངས་ག་མོ་ནང་དུ་ཅོ་མ་གཅིག་ཀྱང་མེད།ད་འདི་ལྟར་ཡུལ་ལ་སོང་ན་དྲེས་ཕྲུག་གི་ཅོ་མ་ཁྱེར་ཡོང་རྒྱུ་སྒུག་ནས་བསྡད་ཡོད་ཞེས་འདང་ཞིག་བརྒྱབ་རྗེས།སེམས་ནང་དུ་ངན་སེམས་ཞིག་བཅིངས།དེ་ནས་ཡུན་རིང་མ་འགོར་བར་ཨ་མ་རི་བོང་གི་ཡང་བསྐྱར་ཨ་མ་དྲེས་མོ་ལ་ད་འུ་གཉིས་ཡུལ་ལ་འགྲོ་རེ་འ་ས་རུབ་ལ་ཉེ་ཞེས་བཤད།ཨ་མ་དྲེས་མོ་གིས་ཨ་མ་རིབོང་བསད་རྗེས་ཨ་མ་རི་བོང་གི་ཅོ་མ་རྣམས་འཁུར་ནས་ཕྱིར་ཡུལ་ལ་སོང་།སྐབས་དེར་སྒོ་ཁ་རུ་དྲེས་ཕྲུག་དང་རོག་ཕྲུག་གཉིས་ཨ་མས་སྔུན་ལ་བུད་ནས་ཨ་མ་ལ་སྒུག་བསྡད་ཡོད།དྲེས་ཕྲུག་གི་རང་གི་ཨ་མ་ཐོན་པ་མཐོང་ནས་དགའ་ནས་མདུན་ལ་རྒྱུག་ཡོང་།རོག་ཕྲུག་གི་ཨ་མ་དྲེས་མོ་ལ་ཨ་མ་དྲེས་མོ་ངེད་ཚང་གི་ཨ་མ་ཕྱིར་ཡུལ་ལ་མ་ཡོང་དོན་ཅི་རེད་ཞེས་དྲིས།ཨ་མ་དྲེས་མོ་ཡིས་ཁྱེད་ཚང་གི་ཨ་མ་ཅོ་ལུང་གོང་མ་ན་ཅོ་མ་བརྐོ་གི་ཡོད་གི་ཞེས་ཨ་མ་རི་བོང་མ་མཐོང་ཁུལ་བྱས  དགོང་མོ་དེར་རོག་ཕྲུག་གི་ཇི་ལྟར་སྒུག་རུང་ཨ་མ་རི་བོང་ཕྱིར་ཡུལ་་ལ་མ་ཐོན།དགོང་མོ་ཨ་མ་དྲེས་མོ་ཡི་ཅོ་མ་ག་མོ་གང་བོ་ཅོག་ཙེ་ཐོག་དུ་ཚང་མ་བླུག་རྗེས་ཨ་མ་རི་བོང་གི་མགོ་དང་རྐང་བ་བཞི་བོ་སོགས་ཅོག་ཙེ་ཐོག་ཏུ་བཞག་ནས་དྲེས་ཕྲུག་ལ་ཨ་མ་རི་བོང་ངས་བསད་སོང་ཞེས་བཤད།སྐབས་དེར་རོག་ཕྲུག་གི་ངས་ཨ་མ་ད་དུང་མི་ཡོང་རྒྱུ་ཡོད་ཀྱི་མ་རེད་བསམས་ནས་ཨ་མ་དྲེས་མོ་ཚང་གི་ཁང་ཀླད་ནས་ཁ་རོག་གར་ཉན་སྐབས་སྔོན་མ་ཨ་མ་དྲེས་མོ་དང་དྲེས་ཕྲུག་གཉིས་ཀྱི་སྐད་ཆ་ཚང་མ་ཐོས།སང་ཉིན་ནས་བཟུང་ཁྱོད་རོག་ཕྲུག་དང་འགྲོགས་ནས་རྩེད་མི་ཉན་ཞེས་དྲེས་ཕྲུག་ལ་བཤད་ནས་སེམས་ལ་ད་ངས་རོག་ཕྲུག་གསོད་དགོས་རྒྱུ་རུ་བསམས། དེ་ནས་དགོང་མོ་ཨ་མ་དྲེས་མོ་རོག་ཕྲུག་ཚང་ལ་རོག་ཕྲུག་གསོད་དུ་སོང་།ཨ་མ་དྲེས་མོ་ཡིས་རོག་ཕྲུག་ལ་རོག་ཕྲུག་ཨ་མ་སྒོ་ཕྱེ།རོག་ཕྲུག་གི་ངས་ཨ་མ་ནི་ས་དཀར་ནང་གི་སྐྱ་རིས་ཞིག་ཡིན།ངས་ཨ་མ་ནི་ཁྱོད་འདྲ་འདྲ་ཞིག་མིན་ཞེས་བཤད།དེ་ནས་ཨ་མ་དྲེས་མོ་ས་དཀར་ནང་དུ་སོང་ནས་འདྲེས་ལོག་ཅིག་བརྒྱབ་ནས་ཕྱིར་རོག་ཕྲུག་ཚང་གི་སྒོ་ཁར་ཐོན་ནས་ཡང་བསྐྱར་རོག་ཕྲུག་ལ་རོག་ཕྲུག་རོག་ཕྲུག་ཨ་མ་སྒོ་ཕྱེ་ར་ཨ་མ་ས་དཀར་ནང་གི་སྐྱ་རིས་ཞིག་ཡིན་ཞེས་བོས།དེ་ནས་རོག་ཕྲུག་གི་ངས་ཨ་མ་ཁྱོད་འདྲ་འདྲ་ཞིག་མིན་ས་ནག་ནང་གི་ནག་རིས་ཞིག་ཡིན། དེ་ནས་ཨ་མ་དྲེས་མོ་ས་ནག་ནང་དུ་སོང་ནས་འདྲེས་ལོག་ཅིག་བརྒྱབ་ནས་ཕྱིར་རོག་ཕྲུག་ཚང་གི་སྒོ་ཁར་ཐོན་ནས་ཡང་བསྐྱར་རོག་ཕྲུག་ལ་རོག་ཕྲུག་རོག་ཕྲུག་ཨ་མ་སྒོ་ཕྱེ་ར་ཨ་མ་ས་ནག་ནང་གི་ནག་རིས་ཞིག་ཡིན་ཞེས་བོས།དེ་ནས་རོག་ཕྲུག་གི་ངས་ཨ་མ་ཁྱོད་འདྲ་འདྲ་ཞིག་མིན་ས་དམར་ནང་གི་དམར་རིས་ཞིག་ཡིན།དེ་ནས་ཨ་མ་དྲེས་མོ་ས་དམར་ནང་དུ་སོང་ནས་འདྲེས་ལོག་ཅིག་བརྒྱབ་ནས་ཕྱིར་རོག་ཕྲུག་ཚང་གི་སྒོ་ཁར་ཐོན་ནས་ཡང་བསྐྱར་རོག་ཕྲུག་ལ་རོག་ཕྲུག་རོག་ཕྲུག་ཨ་མ་སྒོ་ཕྱེ་ར་ཨ་མ་ས་དམར་ནང་གི་དམར་རིས་ཞིག་ཡིན་ཞེས་བོས།རོག་ཕྲུག་གི་ཁྱོད་ངས་ཨ་མ་མ་རེད་ངས་ཨ་མ་ཁྱེད་ཀྱི་བསད་སོང་།ད་ངས་ཚང་མ་ཤེས་ཡོད།དེ་ནས་ཨ་མ་དྲེས་མོ་ཕྱིར་ཡུལ་ལ་ཡོང་ནས་དྲེས་ཕྲུག་ལ་སང་ཉིན་ནས་བཟུང་ཨ་མ་ཅོ་མ་བརྐོ་རུ་སོང་ན་ཁྱོད་རོག་ཕྲུག་གིས་བོས་ན་ཁོང་དང་མཉམ་དུ་རྩེད་རུ་འགྲོ་མི་ཉན་ཞེས་དྲེས་ཕྲུག་ལ་བཤད།ཕྱི་ཉིན་ཨ་མ་དྲེས་མོ་ནང་སྔ་མོ་ལངས་ནས་ཅོ་མ་བརྐོ་རུ་སོང་ཤུལ་ནས་བཟུང་རོག་ཕྲུག་དྲེས་ཕྲུག་ཚང་གི་སྒོ་ཁ་རུ་སོང་ནས་དྲེས་ཕྲུག་བོས་ནས་དྲེས་ཕྲུག་དྲེས་ཕྲུག་ཁྱོད་སྒོ་ཁ་ཤོག་དང་འུ་གཉིས་རྩེས་རུ་འགྲོ་ཞེས་བོས།དྲེས་ཕྲུག་གི་ང་རྩེས་རུ་མི་འགྲོ་ངའི་ཨ་མས་ཁྱོད་དང་མཉམ་དུ་རྩེས་རུ་མ་འགྲོ་ཟེར་གི་ཞེས་བཤད།དེ་ནས་རོག་ཕྲུག་གི་ད་རྩེས་གི་འགྲོ་ངའི་ཨ་མ་ཁྱེད་ཀྱིས་ཨ་མས་བསད་སོང་བ་ངས་ཤེས་ཡོད།ངའི་ཨ་མ་བསད་སོང་རུང་སྐྱོན་མེད་འུ་གཉིས་ཀྱི་ཨ་མ་གཅིག་བྱས་རུང་ཆོག་ཞེས་བཤད།དེ་ནས་དྲེས་ཕྲུག་དགའ་ནས་སྒོ་ཕྱེས་ནས་ཁོང་གཉིས་སྒང་མགོ་ཞིག་གི་རྩེས་རུ་སོང་།རོག་ཕྲུག་གི་ས་ནང་དུ་གྲི་ཞིག་འཛེར་ནས་འུ་གཉིས་འདི་ཐོག་དུ་ཕར་ལྡིང་ཚུར་ལྡིང་བྱེད་བྱས་ཟེར་ཞོར་དུ་བོག་ཕྲུག་ཁོས་མགོ་བྱས་ནས་གྲི་མགོ་ནས་ཕར་ལྡིང་ནས་ལྡིང་ཐུབ།དེ་ནས་དྲེས་ཕྲུག་ཡང་གྲི་མགོ་དེ་ནས་ལྡིང་ཐུབ་སོང་།དེ་ནས་རོག་ཕྲུག་གི་ད་འུ་གཉིས་ཀ་ལུང་བས་ཕར་ལ་ལྡིང་རེས་བྱེད་ཟེར་ནས་རོག་ཕྲུག་ཕར་ལ་ལྡིང་ནས་ལྡིང་ནས་བརྒྱབ་སོང་།དྲེས་ཕྲུག་ཡང་ལྡིང་ཁ་བྱས་ནས་ལྡིང་དུས་སུ་ལུང་བ་ནང་དུ་ལྷུང་ནས་ཤི་སོང་།དགོང་མོ་ཨ་མ་དྲས་མོ་ཕྱིར་ཡུལ་ལ་ལོག་དུས་སུ་དྲེས་ཕྲུག་མེད་པ་མཐོང་ནས་འདང་ཞིག་བརྒྱབ་རྗེས།རང་གི་བུ་དྲེས་ཕྲུག་ནི་རོག་ཕྲུག་གིས་བསད་པ་ཡིན་རྒྱུ་རུ་བསམས་ནས་རོ་ཕྲུག་འཆའ་རྒྱུ་འཆར་གཞི་བཀོལ་ནས་རོག་ཕྲུག་ཚང་ལ་རོག་ཕྲུག་བཙལ་དུ་སོང་།རོག་ཕྲུག་ལ་ངའི་དྲེས་ཕྲུག་གསོད་མཁན་ཁྱོད་རེད་ཟེར་ཞོར་རོག་ཕྲུག་བདའ།རོག་ཕྲུག་བྲོས་ནས་སྒོར་རུ་བྲོས་སོང་དེ་ནས་རོག་ཕྲུག་གིས་ཐབས་ཞིག་འཐེན་ཞོར་བྲོས་ནས་མཐའ་རིང་ཞིག་གི་ཕར་ལ་ལྡིང་སོང་།ཨ་མ་དྲེས་མོ་གི་རོག་ཕྲུག་འཛིན་རྒྱུ་བསམས་ནས་མཐའ་རིང་གི་ཕར་ལ་ལྡིང་དུས་སུ་སྟབས་མ་ལེགས་པར་ཨ་མ་དྲེས་མོ་ཡང་མཐའ་ནང་དུ་ལྷུང་ནས་ཨ་མ་དྲེས་མོ་ཤི།དེ་ནས་རོག་ཕྲུག་གི་རང་གི་ཨ་མས་རོ་བསྐྱིལ་ལངས།