ཨ་རིག་གླེན་པའི་གཏམ་རྒྱུད།

最后更新于:2018-08-26 16:38:46

ཇོ་བོར་ལག་རྟེན་བཅོལ་བ།

སྔོན་གྱི་དུས་ན།  ཨ་མདོ་གསེར་མོ་ཐང་གི་ཨ་རིག་རྒོད་པོ་ཞིག་ལྷ་སར་ཆོས་འཇལ་དུ་སོང་བ་ཡིན།    སེ་རའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་མདུན་ནས་ལག་རྟེན་བཅོལ་བ་གཉེར་བས་མཐོང་སྟེ་ལག་རྟེན་ཞིག་སྐུ་ལ་བསྙལ་ནས་བཞག་པ་མི་རུང་བར་བསམ་ནས་གཡུག་པར་བརྩམ་པ་ན།    ཇོ་བོས།      ལག་རྟེན་མ་གཡུག་ང་ཨ་རིག་རྒོད་པོས་བཅོལ་བ་ཡིན་ནམ་ཞེས་གསུང་བྱོན་པར་གྲགས་ལ།    ད་ལྟ་སེ་ར་དགོན་པའི་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་གི་ཐུགས་ཀར་སྦ་དབྱུག་གི་ལག་རྟེན་ཞིག་བཏགས་ནས་མཇལ་བར་མཇལ་ཁ་གཏོད་བྱེད་དེ་ཡིན་ཞེས་དཀོར་གཉེར་བའི་གསུང་རྒྱུན་ལས་ཐོས་སོ།།

 

ལྷ་སར་ཆོས་མཇལ་དུ་སོང་བ།

སྔོན་གྱི་དུས་ན།  ཨ་མདོ་གཡེར་མོ་ཐང་གི་ཨ་རིག་ཚོ་བའི་གསར་བུ་འགའ་ལྷ་སར་ཇོ་འཇལ་དུ་བྲོས་པ་ལ།    ཁོ་ཚོ་ཨ་རིག་ས་ཆ་ལས་རིང་དུ་སོང་དུ་ཉིན་ཞིག་སྔ་དྲོར་རི་ཞིག་གི་ཁ་ནས་དགོན་པའི་གསེར་ཏོག་སེར་ལྷམ་མེར་མཐོང་བ།     ཨོ།    ལྷ་ས་སླེབས་བྱུང་ཞེས་དགའ་དྲགས་ནས་མགྱོགས་པོ་དགོན་མདུན་དུ་སླེབས་པ་ཕྱིར་རང་ཡུལ་ཨ་རིག་དགོན་པའི་མདུན་ལ་སླེབས་འདུག

 

ཨ་རོགས་ད་ང་ཐོངས།

སྔོན་གྱི་དུས་ན།   ཨ་མདོ་གསེར་མོ་ཐང་གི་ཨ་རིག་ཚོ་བའི་རྒད་པོ་ཞིག་ལྷ་སར་མཆོད་མཇལ་བྱེད་དུ་སོང་སྟེ་དགོན་པ་ལྷ་ཁང་རེ་རེ་མཇལ་ནས་ཡོང་བ།   རེ་ཞིག་ལྷ་ཁང་ཆུང་ཆུང་ཞིག་ནས་ཇོ་སྐུ་ཞིག་ལ་མཇལ་ནས།     སྒོ་འབུད་དིས་ལག་རྟེན་སྐག་ལ་གསེབ་འདུག་པ་སྒོ་ཤིང་ལ་ཐོགས་ཏེ་སྒོར་འབུད་མ་ནུས་ལ།     ཨ་རོགས་ད་ང་ཐོངས།   ཨ་རོགས་ད་ང་ཐོངས་ཞེས་ལན་འགར་སྨྲས་ཀྱང་མ་བཏང་བ་ཁོས་སྐུའི་ལག་པས་བཀབ་ནས་ཨ་ལ་ལ་ཞེས་གསུང་བྱོན་པ།     དུས་ཕྱིར་ཇོ་བའི་ལག་པས་མགོ་བཀབ་ནས་བཞུགས་པར་གྲགས།

 

ཇོ་བོར་ལྷམ་བཅོལ་བ།

སྔོན་གྱི་དུས་ན།    ཨ་མདོ་གཡེར་མོ་ཐང་གི་ཨ་རིག་ས་ཆའི་འབྲོག་པ་རྒན་པོ་ཚོས་དད་ཅན་ཞིག་ལ་ལོ་རེར་ལྷ་སར་ཇོ་མཇལ་ཞུ་རུ་འགྲོ་གི་ཡོད་ལ།     རེ་ཞིག་ཁོ་བོས་ཇོ་སྐུ་ཞིག་ལ་ལྷམ་མེད་པ་མཐོང་ནས་ཇོ་སྐུ་དེ་ལ།    ན་ནིང་ང་ཡོང་དུས་ཁྱོད་ལ་ལྷམ་མེད་ཀི      ད་ལོ་ཡོང་ན་ཏང་ལྷམ་མེད་ཀི     སང་ལོའི་དུས་དེར་ཨ་རིག་རྒོད་པོས་ལྷམ་ཞིག་བཏབ་ནས་ཁྱེ་ཡོང་བ་ཞེས་བཤད་དེ་སོང་།     སང་ལོའི་དུས་དེར་ཨ་རིག་རྒོད་པོས་ལྷམ་ཞིག་བཏབ་ནས་ཇོ་མཇལ་དུ་ཡོང་སྟེ་ཇོ་སྐུ་ལ་ཨ་ཧ་ཧ་ཆེས་རྐང་རྒན་ཞིག    སང་ལོ་ངས་ཁྱོད་ལ་ལྷམ་ཆེན་ཞིག་བཏབ་ནས་ཁྱེར་ཡོང་།    ད་ང་དང་མཇལ་སྐོར་ལ་འགྲོ་དགོས་པས་ལྷམ་འདི་ཁྱེད་ལ་བཅོལ་བ་ཡིན་ཞེས་ཇོ་སྐུའི་ཕྲག་པ་ལ་བཀལ་བའི་ལྷམ་མར་གཡུག་པར་བརྩམ་པ་ན།      ཇོ་བོའི་གསུང་བྱོན་ཏེ།     མར་མ་འཕེན།   ང་ལ་ཨ་རིག་རྒད་པོས་བཅོལ་བ་ཡིན་ཞེས་ལསུངས་པར་གྲགས་སོང་།

 

ཨ་བའི་ཉལ་ས་བཅོས་བཅོས།    ཨ་མའི་ཉལ་ས་ལས་ལས།  

སྔོན་གྱི་དུས་ན།     ཨ་མདོ་གཡེར་མོ་ཐང་གི་ཨ་རིག་འབྲོག་སྡེའི་འབྲོག་པའི་ཁྱིམ་ཚང་ཞིག་རུ་སྤོས་ཏེ་ཉིན་གངགབོར་སོང་མཐར།     ཕྱིར་དྲོ་མུན་རབ་ལ་ཉེན་དུས་མཚེས་ཤུལ་ཞིག་ལ་སླེབས།    ཞི་ལིས་མཚེས་ཤུལ་མཐོང་ནས།

ཨ་བོའི་ཉལ་ས་བཅོས་བཅོས།།

ཨ་མའི་ཉལ་ས་ལས་ལས།།

རུ་འདི་ནས་འབབ་རྒྱུ་བྱེད།།

ཁོའི་ཁྱིམ་གང་བོས་ད་ནངས་ནམ་མ་ལངས་གོང་ནས་སྒོ་ཟོག་ལ་ཁལ་འགལ་ནས་ཚགས་དུ་ཆེད་པ་དང་།    སྒོ་ཟོག་གི་རྗེས་སྙེག་ནས་གང་འདོད་དུ་སོང་སོང་བས་སྒོ་ཟོག་ནི་ཕྱི་དྲོ་ཉི་མ་ཚང་ལ་འགྲོར་ཉེ་དུས་རང་ཡུལ་ལ་དུ་ལོག་རྒྱུ་གོམས་གཤིས་ལྟར་སླར་ཡང་རང་གི་ལོག་རྒྱུ་གོམས་གཤིས་ལྟར་སླར་ཡང་རང་གི་རུ་བའི་མཚེས་སར་སླེབས་པ་རེད།

 

མི་གྲངས་ཚང་རྩི།

སྔོན་གྱི་དུས་ན།  ཨ་མདོ་གཡེར་མོ་ཐང་གི་ཨ་རིག་པ་ཞིག་གི་འདས་པའི་བསྔོ་རྟེན་ཞུ་བ་དང་།   གཤིན་ཆོས་བྱེད་དུས་ཚོ་བའི་ནང་གི་རྒད་པོ་མདུན་ལྷ་སར་བཏང་བ་ལ།    ལམ་བར་དུ་ཆུ་ཆེན་པོ་ཞིག་བརྒལ་ནས་ཕར་ཁ་ནས་ཁོ་བ་ཚོས་མི་གྲངས་ཚང་རྩི་བྱས་པར་མི་བདུན་ལས་གཅིག་མ་ཚང་བས།   ཁོ་ཚོས་ཡང་བསྐོར་བསྐྱར་བསྐོར་དུ་སོ་སོས་བརྩིས་རུང་བའི་མི་གཅིག་ཆད་འདུག     དེ་ནས་ལྷ་སར་སླེབས་ཏེ་བླ་མ་ཞིག་གི་ཁོ་ཚོར་ཡང་ཡོང་དུས་མི་དུ་ཡོད་ཅིས་དྲིས་པ་ལ།    ཨ་རིག་རྒད་པོས་ངེད་ཚོ་མི་བདེན་ཡོད་ཅེས་ལན་བཏབ།   བླ་མའི་ཞལ་འཛུམ་པ་དང་བཅས་འོ་ན་ཁྱེད་ཚོས་རང་རང་གི་ཕོར་བ་སར་ཞོག་ཅེས་པ་ལ་ཚང་མས་རུམ་གྱི་ཕོར་བ་བླངས་ནས་མདུན་དུ་བཞག    བླ་མས།    ཡ་ད་རྩིས་ཤིག་ཅེས་པ་ལ་ཕོར་བ་བདུན་ཚང་འདུག

 

ཨ་རིག་གླེན་པ་བརྒྱ་ཡིན་རུང་།  གྲིག་མའི་ཕྲུ་གུ་མི་ཟ་རྒྱུའོ་ལོས་ཤེས།

སྔོན་གྱི་དུས་ན།   ཨ་མདོ་གཡེར་མོ་ཐང་གི་ཨ་མདོ་འབྲོག་པ་སྐོར་ཞིག་ལ་ལྷ་ས་ཆོས་འཇལ་དུ་སོང་སྟེ་གནས་ཚང་ཞིག་ཏུ་འདུག་བྱས་པ་ལ།   གནས་ཚང་གིས་ཐག་རིང་ཨ་མདོའི་མཇལ་བའི་སྣེ་ལེན་བཟང་པོ་ཞིག་བྱེད་བསམ་སྟེ་འབྲས་བཙོས་ནས་ཟ་རུ་བཅུག    ཨ་རིག་རྒད་པོས་མཐོང་སྟེ།    ང་ཨ་རིག་གླེན་པ་བརྒྱ་ཡིན་རུང་།    གྲོག་མའི་ཕྲུ་གུ་མི་ཟ་རྒྱོུ་ལོས་ཤེས་ཞེས་བཤད།

 

ཨ་རིག་གླེན་པ་བརྒྱ་ཡིན་རུང་།    དཀྱིལ་འཁོར་ཐོག་ལ་མི་ཅོག་རྒྱུའོ་ལོས་ཤེས།

སྔོན་གྱི་དུས་ན།    ཨ་མདོ་གཡེར་མོ་ཐང་གི་ཨ་རིག་འབྲོག་པ་སྐོར་ཞིག་ལྷ་སར་ཚོས་མཇལ་དུ་སོང་བ་ལ།   ཞག་འདུག་བྱེད་སའི་གནས་ཚང་ཞིག་གཡར་བ་ཕྱུག་པོ་སྐུ་དྲག་གི་ཁྱིམ་རྒྱུད་ཅིག་ཡིན་པས།    ཁོ་བ་ཚོ་མགྲོན་ཁང་དུ་ཁྲིད་ནས་སྣེ་ལེན་བྱེད་མོད།    ཨ་རིག་རྒད་པོས་མགྲོན་ཁང་དུ་ས་གདན་བཏང་ཡོད་པ་སྔར་མཐོང་མ་མྱོང་བས་ངག་ལས།    ཨ་རིག་གླེན་པ་བརྒྱ་ཡིན་རུང་།    དཀྱིལ་འཁོར་ཐོག་ག་མི་ཙོག་རྒྱུའོ་ལོས་ཤེས་ཞེས་བཤད།

 

ད་རུང་ཇོ་བོར་ར་མ་རྒྱལ་མོ་ཡོད།

སྔོན་གྱི་དུས་ན།    ཨ་མདོ་གཡེར་མི་ཐང་གི་ཨ་རིག་འབྲོག་པ་ཞིག་ལྷ་སར་ཇོ་བོར་མཇལ་དུ་སོང་སྟེ་མཇལ་རྟེན་དུ་ཀོ་ཡིས་བཟོས་པའི་ཁུག་མ་ཞིག་གི་ནང་དུ་དངུལ་སྒོར་རེ་རེ་བཏོན་ནས་ཁུག་མའི་ནང་ནས་རྐེད་དུ་ཕབ་རུང་ཇོ་བོས་ཆོག་གི་མ་གསུངས་པ་ལ།    ཨ་རིག་རྒད་པོས་ད་ཚད་རྒྱུ་རེད་སྙམ་ནས།     ད་ཨེ་ཆོག་གི   ད་རུང་ཇོ་བོར་ར་མ་རྒྱལ་མོར་ར་ཡོད་ནི་རེད་ཅེས་པ་ལ།  ཇོ་བོས་ད་ཆོག་གི་ཞེས་གསུང་བྱོན་པར་གྲགས་སོ།།