རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་ལ་གྱོད་ཁ་སློང་།

ས་གནས་དེའི་ཟླ་བཅུ་བའི་ཚེས་བཅོ་ལྔའི་ཉིན་ལ། རྒྱ་གར་གྱི་རྒྱལ་ས་ནུའུ་བདེ་ལེ་ནས་རྒྱ་གར་རྒྱལ་ཆེན་ཏང་ལ་རྒྱབ་སྐྱོར་བྱ་མཁན་དག་གིས་ཁྲོམ་སྐོར་བྱེད་ནས་རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་ཨ་ཁཱ་པར་ལགས་ལས་གནས་ལས་ཕྱུངས་དགོས་ཞེས་རེ་ཞུ་བཏོན།

ཕྱི་འབྲེལ་བློན་ཆེན་ཨ་ཁཱ་པར་ལགས་ལས་གྲོགས་སྔོན་མ་ཞིག་གིས་ཆགས་སྲེད་བརྙས་བཅོས་བྱེད་པའི་ཞུ་གཏུགས་བྱས། ཞུ་གཏུགས་ཀྱི་གནས་ཚུལ་བསྒྲགས་ནས་བཟུང་། རྒྱལ་ཁབ་གཞན་དགན་ཕྱི་འབྲེལ་གྱི་ལས་དོན་གཉེར་བཞིན་པའི་སྐུ་ཞབས་ཨ་ཁཱ་པར་ལགས་ཀྱིས་དེ་ལ་ལན་གང་ཡང་མ་བྱིན་མོད། རེ་གཟའ་བདུན་པའི་ཉིན་ལ། ཕྱི་རྒྱལ་ནས་ཐོན་མ་ཐག་ཨ་ཁཱ་པར་ལགས་ཀྱིས་ཞུ་གཏུགས་དེར་རྒོལ་ལན་བྱིན་པ་དང་། ལས་གནས་ནས་ཕྱུངས་དགོས་པའི་རེ་ཞུ་ལ་གཏན་ནས་ཁས་མ་བླང་།

ཚེས་བཅུ་བཞིན་ཉིན་《རྒྱ་གར་ཚགས་པར》གྱི་སྟེང་དུ་འཁོད་པ་ལྟར་ན། ཨ་ཁཱ་པར་ལགས་ནི་སྔོན་ཆད་གསར་འགོད་པའི་ལས་ཀ་བཞེས་མྱོང་ལ། ཁོ་རང་གསར་འགོད་པ་ཡིན་པའི་སྐབས་སུ་བུད་མེད་གང་མང་ཅིག་ལ་འདོད་སྲེད་བརྙས་བཅོས་བྱེད་ཡོད་པ་རེད།

ཞང་ཞུང་བསོད་ནམས་གངས་རྒྱན།

དུས་བབ་དྲ་ཚིགས་ཀྱི་སྲོལ་འབྱེད་མཁན། བོད་ཡིག་གི་ཆ་འཕྲིན་ལག་རྩལ་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།