བུད་མེད་ལྷ་ཁང་དུ་བསྐྱོད་པར་འགོག་ཆེད། བྲམ་ཟེ་ཆོས་ལུགས་པས་ཁྱབ་ཆེན་པོའི་ངང་ནས་ལས་མཚམས་བཞག

བུད་མེད་ལྷ་ཁང་དུ་བསྐྱོད་པར་འགོག་ཆེད། བྲམ་ཟེ་ཆོས་ལུགས་པས་ཁྱབ་ཆེན་པོའི་ངང་ནས་ལས་མཚམས་བཞག

འཛམ་གླིང་གསར་འགྱུར་ཁང་གི་རྒྱ་གར་ཆེད་སྡོད་གསར་འགོད་པས་གསར་འགྱུར་བཀོད་དོན། ཚེས་བཅོ་བརྒྱད་ཉིན། རྒྱ་གར་རྙིང་ཕྱོགས་རིང་ལུགས་པས་མུ་མཐུད་དུ་ཐབས་ལམ་སྣ་ཚོག་སྤྱད་ནས། བུད་མེད་དག་ཁཱ་ལ་ལ་ཞིང་ཆེན་གྱི་ཧྲ་པ་རེ་མཱ་ལྷ་ཁང་དུ་འགྲོ་མི་ཆོག་པར་བཀག་འགོག་བྱས། དོན་རྐྱེན་འདི་བྱུང་དོན་ནི་ཟླ་སྔོན་མའི་ཟླ་མཇུག་ཏུ། རྒྱ་གར་མཐོ་རིམ་ཁྲིམས་ཁང་གིས་བུད་མེད་དག་ལྷ་ཁང་གི་བསྐྱོད་མི་ཆོག་ཅེས་པའི་སྲོལ་རྒྱུན་གྱི་བཀག་སྡོམ་ཁྲིམས་ལུགས་དེ་མེད་པར་བཏང་། ཟླ་བཅུ་བའི་ཚེས་བཅུ་བདུན་ཉིན་ནི་ཁྲིམས་ལུགས་དེ་གྲོས་བཅད་བཏང་བི་རྗེས་ཀྱི་བསང་ཕུལ་གྱི་ཉིན་མོ་མགོ་མ་རེད། འོན་ཀྱང་རྙིང་ཕྱོགས་རིང་ལུགས་པས་ངོ་རྒོལ་དང་བཀག་འགོག་བཏང་མཐར་ལི་ཚོད་ལ་ཚད་བགག་བཟོས་ཡོད་པའི་བུད་མེད་གཅིག་ཀྱང་ལྷ་ཁང་ནང་དུ་བསྐྱོད་མ་ནུས། སྤྱི་ཚོགས་གླེང་ཕྱོགས་ལས་བསམ་ཚུལ་བཏོན་པ་ལྟར་ན། མིག་སྔར་གྱི་ངོ་རྒལ་དང་ཟིང་འཁྲུག་འདི་དག་ནི་ཆོས་ལུགས་སྲོལ་རྒྱུན་ཀྱི་རྩོད་གཞི་ལས་འགོངས་སྟེ། མ་འོངས་པར་རྒྱ་གར་གྱི་ཆབ་སྲིད་འགྲོ་ལུགས་ལ་ཡང་ཤུགས་རྐྱེན་ཆེན་པོ་ཐེབས་ངེས་སོ།།

ཞང་ཞུང་བསོད་ནམས་གངས་རྒྱན།

དུས་བབ་དྲ་ཚིགས་ཀྱི་སྲོལ་འབྱེད་མཁན། བོད་ཡིག་གི་ཆ་འཕྲིན་ལག་རྩལ་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།