ལྷོ་ཁོ་རེ་ཡའི་ཡིག་རྒྱུགས་གླིང་ལ་མེ་སྐྱོན་ཤོར་ཏེ་མི་7ཤི་བ།

ཕྱི་རྒྱལ་སྨྱན་སྦྱོར་སྡེ་ཚན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ལྷོ་ཁོ་རེ་ཡའི་རྒྱལ་ས་ཧྲོའར་མེ་འགོག་སྡེ་ཚན་གྱིས་བསྟན་དོན། ས་གནས་དེ་གའི་དུས་ཚོད་གཟའ་པ་སངས་ཉིན་(ཚེས་9ཉིན་)གྱི་ཞོགས་པར། གྲོང་ཁྱེར་ལྟེ་བའི་ཡིག་རྒྱུགས་ཁང་ཞིག་ལ་མེ་སྐྱོན་བྱུང་སྟེ། ཉུང་མཐར་ཡང་མི་7རྐྱེན་ལམ་དུ་ཤོར་བ་དང་། མི་18ལ་རྨས་སྐྱོན་ཕོག་ཡོད་འདུག། སྒྲོག་སྤེལ་གྱིས་བརྗོད་དོན། རྐྱེན་ལམ་དུ་ཤོར་མཁན་རྣམས་ཆ་སྙོམས་ལོ་40ནས་60བར་གནས་པ་དང།  ཁོང་ཚོའི་ཁྲོད་ཀྱི་མི་མང་ཆེ་བ་སྐབས་ཐོག་ངལ་ལས་པ་ཡིན་པ་རེད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།