རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་འཇར་པན་སྲིད་གཞུང་ལ་བསོད་བདེ་གླིང་ཕྲན་ཉིང་རྡུལ་གློག་ཁང་དང་པོའི་སྙིགས་སྤུང་ཐག་གཅོད་དོན་འཁྱོལ་ཡོང་དགོས་པའི་བླང་བྱ་བཏོན།

【གོ་ལའི་དྲྭ་བའི་གསར་འགྱུར། གསར་འགོད་པ། བང་ཧན།】

འཇར་པན་ཏུང་ཅིན་གློག་ཤུགས་ཀུང་ཟིའི་བསོད་བདེ་གླིང་ཕྲན་ཉིང་རྡུལ་གློག་ཁང་དང་པོའི་སྙིགས་སྤུང་ལས་ཀར་བརྟག་དཔྱད་བྱེད་མཁན་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས(IAEA)ཀྱི་བརྟག་དཔྱད་རུ་ཁག་ཉེ་ཆར་གསར་འགོད་པར་མཇལ་འཕྲད་གནང་སྐབས་ཞུ་རྒྱུར། ཉིང་རྡུལ་གློག་ཁང་ས་ཚིགས་སུ་རྒྱུན་ཆད་མེད་པར་གསོག་ཉར་བྱས་པའི་ཉིང་རྡུལ་བཙོག་ཆུ་དེ་ཐག་གཅོད་བྱས་རྗེས་ད་དུང་འཕྲོ་དངོས་ཆ་ཤས་ལུས་འདུག་ལ། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱིས་འཇར་པན་སྲིད་གཞུང་ལ་མགྱོགས་མྱུར་སྒོས་ལུས་འདུག་པའི་ཆུའི་ཆ་ཤས་དེ་ཐག་གཅོད་བྱེད་པའི་འཆར་གཞི་གཏན་ཁེལ་དང་ལག་བསྟར་དོན་འཁྱོལ་ཡོང་དགོས་པའི་བླང་བྱ་ཡང་བཏོན་ཟིན།

འཇར་པནNHKབརྙན་འཕྲིན་ཁང་གི་ཟླ༡༡པའི་ཚེས༡༤ཉིན་གྱི་གསར་འགྱུར་ལྟར་ན། ཟླ་འདིའི་ཚེས༥ཉིན། རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་ལས་ཁུངས་ཀྱི་བརྟག་དཔྱད་རུ་ཁག་གིས་བསོད་བདེ་གླིང་ཕྲན་ཉིང་རྡུལ་གློག་ཁང་དང་པོའི་སྙིགས་སྤུང་ལས་ཀར་ཐེངས༤པའི་བརྟག་དཔྱད་བྱེད་འགོ་བརྩམས་ཤིང་། ཚེས༡༣ཉིན་འཇར་པན་དཔལ་འབྱོར་ཐོན་ལས་ཀྱི་བློན་ཆེན་གཞོན་པ་ཅི་ཆིས་རིན་ཡན་ལ་བརྟག་དཔྱད་མཇུག་འབྲས་སྙན་ཞུ་བྱས།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།