ལོ་རྒྱུས་སྟེང་ཁོ་རེ་ཡའི་རྒྱུ་སྟོབས་ཅན་གྱིས་འཇལ་བའི་ཤུལ་བཞག་རྒྱུ་རྫས་ཀྱི་དཔྱ་ཁྲལ་ཆེས་མཐོ་ཤོས།

ཕྱི་གླིང་དྲྭ་བའི་ཟླ༡༡པའི་ཚེས༡༤ཉིན་གྱི་གློག་འཕྲིན་ལྟར་ན། ཁོ་རེ་ཡའིLGཚོགས་ཁག་གིས་ཟླ༡༡པའི་ཚེས༢ཉིན་གྱི་སྤྱི་བསྒྲགས་ལས་བསྟན་དོན། དགུང་ལོ་བཞི་བཅུར་སོན་པའི་ཚོགས་གཙོ་ཅི་གོང་མོས་རང་གི་ཨ་ཕ་སྟེ། ཚོགས་གཙོ་སྔོན་མ་ཅི་པིན་མོད་ལ་དབང་བའི་རྐང་དབང ༡༡.༣%ཁྲོད་ཀྱི༨.༨%རྒྱུད་འཛིན་བྱས།
ཁོ་རེ་ཡའི་སྨྱན་སྦྱོརNEWS 1བསྟན་དོན། ཅི་གོང་མོས་ལོ་ལྔའི་ནང་ཤུལ་བཞག་རྒྱུ་རྫས་ཀྱི་དཔྱ་ཁྲལ་དུས་བགོས་ཀྱིས་སྤྲད་ཚར་དགོས་པའི་བླང་བྱ་བཏོན་འདུག་སྟེ། ཚོད་རྩིས་ལྟར་ན་སྤྱི་སྡོམ་ཁོ་རེ་ཡའི་སྒོར་དུང་ཕྱུར༧༠༠༠(ཕལ་ཆེར་དམངས་སྒོར་དུང་ཕྱུར༤༣)འཇལ་དགོས། ལོ་རྒྱུས་སྟེང་ཁོ་རེ་ཡའི་རྒྱུ་སྟོབས་ཅན་གྱིས་འཇལ་བའི་ཤུལ་བཞག་རྒྱུ་རྫས་ཀྱི་དཔྱ་ཁྲལ་ཆེས་མཐོ་ཤོས་སུ་འགྱུར་ངེས། ཅི་གོང་མོས་ཕལ་ཆེར་སྒེར་གྱི་རྒྱུ་ནོར་དང་ཁེ་འབབ་བགོས་སྐལ། གཏའ་བཞག་དངུལ་བུན་སོགས་ཀྱི་བྱེད་སྟངས་བརྒྱུད་ནས་སྤྲོད་དགོས་འདུག་ཅེས་བསྒྲགས་ཡོད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།