སྦལ་ཛི་རྒྱལ་ཁབ་གྱི་སྲིད་འཛིན་གསར་བ་པོར་སོ་ན་བྱ་བས་མེ་མདའ་ཚོང་རར་སྤྱད་ཆོག་པའི་ཁྲིམས་ལུགས་སྤེལ།

སྦལ་ཛི་རྒྱལ་ཁབ་གྱི་སྲིད་འཛིན་གསར་བ་པོར་སོ་ན་བྱ་བས་མེ་མདའ་ཚོང་རར་སྤྱད་ཆོག་པའི་ཁྲིམས་ལུགས་སྤེལ།

ཧྥ་རན་སི་གསར་འགྱུར་ཁང་ནས་ཚེས་བཅོ་ལྔའི་ཉིན་ལ་གནས་ཚུལ་འབྱོར་བ་ལྟར་ན། སྦལ་ཛི་རྒྱལ་ཁབ་གྱི་སྲིད་འཛིན་གསར་བ་པོར་སོ་ན་བྱ་བས་མེ་མདའ་ཚོང་རར་སྤྱད་ཆོག་པའི་ཁྲིམས་ལུགས་སྤེལ། ཁོས་ཤོད་དོན། སྤྱི་དམངས་ཕལ་བར་མེ་མདའ་ཐོབ་པ་དེ་ནི་རང་ཉིད་བདེ་སྲུང་བྱ་ཆེད་ཡིན་ཞེས་བསྒྲགས། འོན་ཀྱང་དམངས་ཁྲོད་དུ་མེད་མདའ་ཁྲོམ་རར་བཀྲམ་ན་གནོད་འཚེ་ཇེ་མང་དུ་འགྲོ་བར་དོགས་བཞིན་ཡོད།

ཤེས་གསལ་ལྟར་ན། ༢༠༡༧ལོར་སྦལ་ཛི་རྒྱལ་ཁབ་ཧྲིལ་བོ་ནས་ལྐོག་གསོད་དོན་རྐྱེན་ཁྲི་དྲུག་དང་སྟོང་བཞི་ལྷག་བྱུང་འདུག དེ་བས། སྦལ་ཛི་ནི་གཡུལ་ས་ལས་གཞན་འཛམ་གླིང་སྟེང་གི་ཆེས་ཉེན་ཁ་ཆེ་བའི་རྒྱལ་ཁབ་བྱ་བྲག་གཅིག་ཡིན།

ཞང་ཞུང་བསོད་ནམས་གངས་རྒྱན།

དུས་བབ་དྲ་ཚིགས་ཀྱི་སྲོལ་འབྱེད་མཁན། བོད་ཡིག་གི་ཆ་འཕྲིན་ལག་རྩལ་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།