དབྱིན་ཇིའི་གྲོས་ཚོགས་ཞོལ་མས་ཡོ་འབུད་གྲོས་གཞི་ལ་དགག་པ་རྒྱབ།

དབྱིན་ཇིའི་གྲོས་ཚོགས་ཞོལ་མས་ཡོ་འབུད་གྲོས་གཞི་ལ་དགག་པ་རྒྱབ།

ས་གནས་དེའི་ཚེས་བཅོ་ལྔ་དང་པེ་ཅིང་གི་ཚེས་བཅུ་དྲུག་པའི་སྔ་དྲོར། དབྱིན་ཇིའི་གྲོས་ཚོགས་ཞོལ་མས་ངོ་རྒོལ་གདམ་བྱང་༤༣༢དང་རྒྱབ་སྐྱོར་གདམ་བྱང་༢༠༢བརྒྱུད་ནས་ཡ་སྔོན་དབྱིན་ཇིའི་གཞུང་ཕྱོགས་ནས་ཡོ་རོབ་མནའ་འབྲེལ་དང་གྲོས་མཐུན་ཡོང་པའི་ཡོ་འབུད་གྲོས་གཞི་ལ་དགག་པ་རྒྱབ། གྲོས་གཞི་ལ་དགག་ལན་བྱིན་རྗེས། ཁ་གཏད་ཀྱི་ཏང་ཁག་སྟེ་བཟོ་བའི་ཏང་གིས་སྲིད་གཞུང་ལ་ཡིད་རྟོན་མེད་པའི་གྲོས་གཞི་བཏོན། སྲིད་བློན་ཆེན་མོ་ཐྲི་རེ་ས·མཱེ་ལ་གས་ཀྱིས་ཞུ་དོན། གལ་སྲིད་སྲིད་གཞུང་ལ་ཡིད་རྟོན་མེད་པའི་གྲོས་གཞི་ལས་འགོངས་ཐུབ་སོང་ན། མོས་སྔར་བཞིན་རིམ་པ་གཉིས་ཀྱིགོ་རིམ་བརྒྱུད་ནས་དབྱིན་ཇི་ཡོ་འབུད་གནད་འགག་གི་དོན་རྐྱེན་དག་སེལ་རྒྱུ་ཡིན་ཞེས་བཤད། ད་ལྟའི་དབྱིན་ཇིའི་ཆབ་སྲིད་ཀྱི་གནས་སྟངས་ནི་ཤིན་ཏུ་སྙོག་འཛིང་ལྡན་པ་རེད།

ཞང་ཞུང་བསོད་ནམས་གངས་རྒྱན།

དུས་བབ་དྲ་ཚིགས་ཀྱི་སྲོལ་འབྱེད་མཁན། བོད་ཡིག་གི་ཆ་འཕྲིན་ལག་རྩལ་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།