ཡཱ་མན་སྲིད་གཞུང་གིས་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཞིག་རྩ་མེད་དུ་བཏང་བ་རེད།

ཡཱ་མན་སྲིད་གཞུང་གིས་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཞིག་རྩ་མེད་དུ་བཏང་བ་རེད།

ཤིན་ཧ་གསར་འགྱུར་ཁང་གི་ཁི་ཝེ་ཐི་གསར་འགོད་པའི་ས་ཚིགས་ནས་གནས་ཚུལ་འབྱོར་དོན། ཡཱ་མན་སྲིད་གཞུང་གིས་ཚེས་བཅོ་ལྔའི་ཉིན་ལ་ཧོ་སར་དྲག་རྒོལ་རུ་ཁག་དང་འབྲེལ་བ་དམ་པོ་ཡོད་པའི་འཇིགས་སྐུལ་རིང་ལུགས་པའི་ཚོགས་པ་ཞིག་རྩ་མེད་དུ་བཏང་བ་རེད། རྩ་འཛུགས་དེས་ཡང་སྔོན་ཏག་ཏག་ལ་སྲིད་གཞུང་གི་དམག་དོན་སྒྲིག་ཆས་ལ་མི་མེད་གནམ་གྲུ་ཡིས་འཇབ་རྒོལ་བྱ་རྒྱུའི་འཆར་གཞི་འཐེན་ཡོད་པ་རེད།

ཡཱ་མན་སྲིད་གཞུང་གིས་ཉིན་དེ་ལ་སྤྱི་བསྒྲགས་ལས་ཤོད་དོན། བརྟག་དཔྱད་ལྟར་ན་འཇིགས་སྐུལ་རིང་ལུགས་ཚོགས་ཁག་དེས་ཧོ་སར་དྲག་རྒོལ་རུ་ཁག་ཡཱ་མན་རྒྱལ་ཁོངས་ནས་དོན་རྐྱེན་དང་ཟིང་འཁྲུག་བཟོ་བཞིན་ཡོད་ལ། སྲིད་གཞུང་གི་མི་སྣ་ཁ་ཤས་ཤིག་ཡང་ལྐོག་གསོད་བྱེད། ཚོགས་པ་དེཡིས་ཟླ་དང་པོའི་ཚེས་བཅུའི་ཉིན་ལ་སྲིད་གཞུང་དམག་ཁུལ་དུ་དྲག་རྒོལ་བྱེད་པ་ངོས་ལེན་བྱས།

ཞང་ཞུང་བསོད་ནམས་གངས་རྒྱན།

དུས་བབ་དྲ་ཚིགས་ཀྱི་སྲོལ་འབྱེད་མཁན། བོད་ཡིག་གི་ཆ་འཕྲིན་ལག་རྩལ་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།