ཟེ་རེ་ཡའི་གྲོང་ཁྱེར་མན་པེ་ཅི་བྱ་བར་ས་གནས་དེའི་ཚེས་བཅུ་དྲུག་ཉིན་ལ་འབར་གས་དོན་རྐྱེན་བྱུང་།

ཟེ་རེ་ཡའི་གྲོང་ཁྱེར་མན་པེ་ཅི་བྱ་བར་ས་གནས་དེའི་ཚེས་བཅུ་དྲུག་ཉིན་ལ་འབར་གས་དོན་རྐྱེན་བྱུང་།

ཟེ་རེ་ཡའི་གྲོང་ཁྱེར་མན་པེ་ཅི་བྱ་བར་ས་གནས་དེའི་ཚེས་བཅུ་དྲུག་ཉིན་ལ་འབར་གས་དོན་རྐྱེན་བྱུང་། དོན་རྐྱེན་དེ་ལ་རྐྱེན་བྱེད་ནས་ཨ་རིའི་དམག་མི་བཞི་རྐྱེན་ངན་དུ་ཤོར། ཨ་རིའི་དམག་ཕྱོགས་ནས་བསྒྲགས་དོན། འཇིགས་སྐུལ་ཚོགས་པ་དབྱི་ཟེ་ལམ་རྒྱལ་ཁབ་བྱ་བས་དོན་རྐྱེན་འདི་བཟོས་པའི་ངོས་ལེན་བྱེད་ཡོད།

ཨ་རིའི་བརྙན་འཕྲིན་གསར་འགྱུར་དྲ་བས་ཚེས་བཅུ་དྲུག་ཉིན་ལ་གསར་འགྱུར་སྤེལ་དོན། དམག་དོན་ལས་ཁུངས་ཀྱི་གསར་འགྱུར་སྤེལ་མཁན་ཤོ་ཨིན་རོ་པོ་ཤུན་ལགས་ཀྱིས་ཤོས་དོན། རྐྱེན་ངན་དུ་ཤོར་བའི་མི་བཞི་བོ་ཨ་རི་པ་ཡིན་ཤིང་། དེ་གྲས་སུ་དམག་མི་གཉིས་དང་རྒྱལ་སྲུང་གོ་མཚོན་ཚོང་པ་གཅིག ད་དུང་དམག་དོན་ལས་ཁུངས་ཀྱིས་ལས་བྱེད་མི་སྣ་གཅིག་བཅས་འདུས། འབར་གས་དོན་རྐྱེན་བྱུང་བཞིན་པའི་དུས་སུ། དམག་མི་བཞི་བོས་སོ་ལྟ་བྱེད་བཞིན་ཡོད།

ཞང་ཞུང་བསོད་ནམས་གངས་རྒྱན།

དུས་བབ་དྲ་ཚིགས་ཀྱི་སྲོལ་འབྱེད་མཁན། བོད་ཡིག་གི་ཆ་འཕྲིན་ལག་རྩལ་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།