གྲོས་ཚོགས་གོང་མའི་འགན་འཛིན་པས་ཟླ་འཇུག་ཏུ་འཚོགས་རྒྱུའི་རྒྱལ་དོན་ཞུ་སྤེལ་གྱི་གཏམ་བཤད་འགོར་འགྱངས་བྱ་རྒྱུའི་རེ་ཞུ་བཏོན།

གྲོས་ཚོགས་གོང་མའི་འགན་འཛིན་པས་ཟླ་འཇུག་ཏུ་འཚོགས་རྒྱུའི་རྒྱལ་དོན་ཞུ་སྤེལ་གྱི་གཏམ་བཤད་འགོར་འགྱངས་བྱ་རྒྱུའི་རེ་ཞུ་བཏོན།

ཤིན་ཧ་གསར་འགྱུར་ཁང་ནས་ཚེས་བཅུ་དྲུག་ཉིན་ལ་གསར་འགྱུར་སྤེལ་དོན། ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་གོང་མའི་འགན་འཛིན་པ་དམངས་གཙོ་ཏང་ཁག་གི་མི་སྣ་ཕེ་རོ་ཤེ་ཡིས་ཞུ་དོན། མོས་ཉིན་དེར་སྲིད་འཛིན་ཁྲོམ་ཕུ་ལགས་ལ་འཕྲིན་ཡིག་བསྐུར་ནས། ཟླ་དང་པོའི་ཟླ་འཇུག་ཏུ་འཚོགས་རྒྱུའི་རྒྱལ་དོན་ཞུ་སྤེལ་གྱི་གཏམ་བཤད་འགོར་འགྱངས་བྱ་རྒྱུའི་རེ་ཞུ་བཏོན་པ་རེད།

ཕེ་རོ་ཤེ་ཡིས་ཉིན་དེར་སྤྱི་འབྲེལ་དྲ་རྒྱ་ནས་འཕྲིན་ཡིག་འདི་ཀུན་ལ་བསྒྲགས། མོས་འཕྲིན་ཡིག་གི་ཁྲོད་དུ་ཞུ་དོན། ཨ་རིའི་རྒྱལ་ཡོངས་སྲིད་གཞུང་གིས་གཟའ་འཁོར་འདིའི་ནང་ལ་བྱ་བ་ཡང་བསྐྱར་འགོ་མ་བརྩམས་ན། བདེ་འཇགས་རྐྱེན་བྱེད་པས། སྲིད་གཞུང་གིས་ལས་དོན་ཡང་བསྐྱར་སྤེལ་བ་མ་གཏོགས་རྒྱལ་དོན་ཞུ་སྤེལ་གྱི་གཏམ་བཤད་མུ་མཐུད་དུ་འགོར་འགྱངས་བྱ་རྒྱུ་ཡིན་པ་བཤད། ཡང་ན་སྲིད་འཛིན་གྱིས་ཡི་གེ་རྣམ་པ་ལྟར་དུ་རྒྱལ་ཡོངས་གྲོས་ཚོགས་ལ་ཞུ་སྤེལ་ནང་དོན་བྲིས་ཆོག་པར་སྐུལ་མ་བཏང་།

ཞང་ཞུང་བསོད་ནམས་གངས་རྒྱན།

དུས་བབ་དྲ་ཚིགས་ཀྱི་སྲོལ་འབྱེད་མཁན། བོད་ཡིག་གི་ཆ་འཕྲིན་ལག་རྩལ་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།