“དབྱིན་ཇི་ཡོ་འབུད་གྲོས་དོན”གྲོས་ཚོགས་འོག་མས་རྩིས་མེད་བྱས།

དབྱིན་ཇིའི་གྲོས་ཚོགས་འོག་མས་ཕྱི་ཚེས་15ཉིན། སྔར་སྲིད་གཞུང་དང་ཡོ་རོབ་མནའ་མཐུན་བར་གྲོས་ཆོད་བྱུང་བའི“ཡོ་འབུད”གྲོས་དོན་ལ་འདེམས་ཤོག་བླུགས་ཏེ། གྲོས་དོན་དེ་རྩིས་མེད་བྱས་འདུག། དེའང་གྲོས་ཚོགས་འོག་མས་དེ་སྔོན་གྱི་གཏན་འབེབ་ལྟར་ན། སྡེ་སྲིད་ཋུ་ལེ་ཧྲ་མེ་ཡིས་ཚེས་21ནང་ཚུད་ལ་ཡོ་འབུད་གྲོས་གཞི་གསར་པ་བཏོན་དགོས་དང་། དེ་ཉིད་ལ་ཡང་བསྐྱར་གྲོས་ཚོགས་ཀྱིས་ཐག་གཅོད་དགོས་པ་ཡིན་མོད། ཕྱོགས་རྒོལ་སྲིད་ཚོགས་ཏེ་བཟོ་ལས་སྲིད་ཚོགས་ཀྱི་མགོ་ཁྲིད་ཁུར་པེ་ཡིས་གྲོས་ཚོགས་འོག་མར་ད་ཡོད་སྲིད་ཚོགས་ལ་ཡིད་ཆེས་མེད་པའི་འཕྲལ་དོན་བསམ་འཆར་བཏོན་པས། དབྱིན་ཇིའི་གྲོས་ཚོགས་ཀྱིས་ཕྱི་ཚེས་16ཉིན་ནས་འཕྲལ་དོན་གྲོས་འཆར་དེ་ལ་རྩོད་པ་དང་འདེམས་ཤོག་བླུགས་དགོས་ཀྱི་ཡོད་པ་རེད།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།