མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡཱ་མན་རྒྱལ་ཁབ་ལ་མངགས་གཏོང་བྱེད་པའི་སྔོན་འགྲོ་དམག་དཔུང་ཞིག་ལ་ཚེས་བཅུ་བདུན་ཉིན་ཧི་ཐེ་ཏ་གྲོང་ཁྱེར་ནས་འཇབ་རྒོལ་ཐེབས།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡཱ་མན་རྒྱལ་ཁབ་ལ་མངགས་གཏོང་བྱེད་པའི་སྔོན་འགྲོ་དམག་དཔུང་ཞིག་ལ་ཚེས་བཅུ་བདུན་ཉིན་ཧི་ཐེ་ཏ་གྲོང་ཁྱེར་ནས་འཇབ་རྒོལ་ཐེབས།

མཉམ་འབྲེལ་རྒྱལ་ཚོགས་ན་བཅའ་སྡོད་བྱེད་ཡོད་པའི་ཤིན་ཧ་གསར་འགྱུར་ཁང་གི་གནས་ཚུལ་བསྒྲགས་པ་ལྟར་ན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡཱ་མན་རྒྱལ་ཁབ་ལ་མངགས་གཏོང་བྱེད་པའི་སྔོན་འགྲོ་དམག་དཔུང་ཞིག་ལ་ཚེས་བཅུ་བདུན་ཉིན་ཧི་ཐེ་ཏ་གྲོང་ཁྱེར་ནས་འཇབ་རྒོལ་ཐེབས། འཇབ་རྒོལ་དེས་དམག་མི་དག་ལ་རྨས་སྐྱོན་གང་ཡང་བཟོས་མེད་པ་རེད། ཡཱ་མན་སྲིད་གཞུང་དང་ཧོ་སར་དྲག་རྒོལ་རུ་དཔུང་གཉིས་ཀྱིས་ཕྱོགས་གཉིས་ཀར་དོན་རྐྱེན་འདི་སློང་བ་རེད་ཞེས་སྡིག་མོད་བྱེད་བཞིན་འདུག

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་སྐུ་ཚབ་ཏེ་ཡ་རེ་ཁི་ལགས་ཀྱིས་ཚེས་བཅུ་བདུན་ཉིན་ལ་ཞུ་དོན། མཉམ་འབྲེལ་རྒྱལ་ཚོགས་ཕྱོགས་ནས་གྲོང་ཁྱེར་ཧི་ཐར་ཏ་དམག་ཞི་ལ་ལས་འགན་སྒྲུབ་དུ་ཕྱིན་པའི་དམག་སྤྱི་ཕཱ་ཁྲི་རེ་ཁི་དང་ཁོང་གི་དམག་དཔུང་ལ་ཕྱིར་ལོག་པའི་ལམ་བར་ནས་འཇིགས་སྐུལ་ཚོགས་པས་འཇབ་རྒོལ་ཐེབས། ད་དུང་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སུ་ཞིག་གིས་དོན་རྐྱེན་འདི་སློང་བ་ཚོར་ཐུབ་མེད།

ཞང་ཞུང་བསོད་ནམས་གངས་རྒྱན།

དུས་བབ་དྲ་ཚིགས་ཀྱི་སྲོལ་འབྱེད་མཁན། བོད་ཡིག་གི་ཆ་འཕྲིན་ལག་རྩལ་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།