ཟི་རེ་ཡའི་བྱང་ཕྱོགས་ཀྱི་གྲོང་ཁྱེར་མན་པེ་ཅི་ལ་ས་གནས་དེའི་ཚེས་བཅུ་དྲུག་གི་ཉིན་ལ་རང་ལྕེབས་རྣམ་པའི་འབར་གས་དོན་རྐྱེན་བྱུང་།

ཟི་རེ་ཡའི་བྱང་ཕྱོགས་ཀྱི་གྲོང་ཁྱེར་མན་པེ་ཅི་ལ་ས་གནས་དེའི་ཚེས་བཅུ་དྲུག་གི་ཉིན་ལ་རང་ལྕེབས་རྣམ་པའི་འབར་གས་དོན་རྐྱེན་བྱུང་།

ཟི་རེ་ཡའི་བྱང་ཕྱོགས་ཀྱི་གྲོང་ཁྱེར་མན་པེ་ཅི་ལ་ས་གནས་དེའི་ཚེས་བཅུ་དྲུག་གི་ཉིན་ལ་རང་ལྕེབས་རྣམ་པའི་འབར་གས་དོན་རྐྱེན་བྱུང་། དོན་རྐྱེན་དེ་ཡིས་མི་བཅུ་ལྷག་རྐྱེན་ངན་དུ་ཤོར་རུ་བཅུག དེ་ཁྲོད་དུ་ཨ་རི་པ་མི་སྣ་བཞི་ལྷག་མཆིས། འཇིགས་སྐུལ་ཚོགས་པ་དབྱི་སི་ལན་རྒྱལ་ཁབ་བྱ་བས་དོན་རྐྱེན་འདི་བཟོས་པར་ངོས་ལེན་བྱེད། སྐབས་འདི་ནི་ཨ་རི་ཡིས་ཟི་རེ་ཡ་ནས་དམག་དོན་ཕྱིར་འཐེན་བྱེད་བཞིན་པས། ས་ཆ་དེར་འབར་གས་འཇིགས་སྐུལ་དོན་རྐྱེན་རབ་དང་རིམ་པ་བྱུང་བཞིན་ཡོད་པས་ཨ་རིའི་དམག་མི་ཕྱིར་འཐེན་གྱི་སྲིད་ཇུས་དག་ལ་ཀུན་གྱིས་དོགས་པ་ཆེན་སྐྱེས་བཞིན་ཡོད། མཉམ་འཇོག་དགོས་པ་ཞིག་ལ། དོན་རྐྱེན་འདི་མ་བྱུང་བས་དུས་སྔོན་ཏག་ཏག་ལ་། ཨ་རིའི་སྲིད་འཛིན་གཞོན་པ་ཕུན་ཟི་ལགས་ཀྱིས་ཕོ་ཉ་ཚོགས་འདུ་སྟེང་ནས་དབྱི་ཟི་ལན་རྒྱལ་ཁབ་བྱ་བའི་འཇིགས་སྐུལ་རིང་ལུགས་པ་དག་རྩ་མེད་དུ་བཏང་ཡོད་ཞེས་ཀུན་ལ་བསྒྲགས།

ཞང་ཞུང་བསོད་ནམས་གངས་རྒྱན།

དུས་བབ་དྲ་ཚིགས་ཀྱི་སྲོལ་འབྱེད་མཁན། བོད་ཡིག་གི་ཆ་འཕྲིན་ལག་རྩལ་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།