ཀི་ལོམ་པེ་ཡ་རྒྱལ་ཁབ་གྱི་རྒྱལ་ས་པོ་ཀི་ཏ་ཡི་སང་ཐན་ཏི་དམག་དཔོན་སློབ་ཆེན་ལས་རླངས་འཁོར་གས་རྫས་སྤྱད་ནས་འཇབ་རྒོལ་ཐེབས།

ཀི་ལོམ་པེ་ཡ་རྒྱལ་ཁབ་གྱི་རྒྱལ་ས་པོ་ཀི་ཏ་ཡི་སང་ཐན་ཏི་དམག་དཔོན་སློབ་ཆེན་ལས་རླངས་འཁོར་གས་རྫས་སྤྱད་ནས་འཇབ་རྒོལ་ཐེབས།

ཕུན་བྷོ་གསར་འགྱུར་ཁང་ནས་གནས་ཚུལ་འབྱོར་བ་ལྟར་ན། ས་གནས་དེའི་ཚས་བཅུ་བདུན་ཉིན་གྱིས་སྔ་དྲོར། ཀི་ལོམ་པེ་ཡ་རྒྱལ་ཁབ་གྱི་རྒྱལ་ས་པོ་ཀི་ཏ་ཡི་སང་ཐན་ཏི་དམག་དཔོན་སློབ་ཆེན་ལས་རླངས་འཁོར་གས་རྫས་སྤྱད་ནས་འཇབ་རྒོལ་ཐེབས། དེ་ཡིས་སློབ་མ་སོགས་མི་བཅུ་ལྷག་རྐྱེན་ངན་དུ་ཤོར་རུ་བཅུག་པ་དང་། མི་སྣ་དྲུག་བཅུ་ལྷག་ལ་རྨས་སྐྱོན་ཐེབས་ཡོད།

ཁྲིམས་འཛིན་ལས་ཁུངས་ཀྱི་གཞུང་ཕྱོགས་མི་སྣས་བཤད་རྒྱུར། འཇབ་རྒོལ་བྱེད་པའི་ནེ་སིང་རྟགས་ཅན་གྱི་རླངས་འཁོར་སྟེང་ན་རྒྱ་མ་བརྒྱད་བཅུ་ལས་ལྷག་པའི་གས་རྫས་བཏེགས་ཡོད་པ་དང་། ཉེ་འཁོར་ཀྱི་མི་རྣམས་ཀྱིས་སྒྲ་ཤུགས་ཆེ་བའི་གས་སྒྲ་ཐོད་པ་དང་། ཉེ་སའི་ཤེལ་སྒོ་སོགས་གས་ཐོར་ཤོར་འདུག སྨྱན་གཟུགས་ནས་མཐོང་པ་ལྟར་ན། ཡུལ་དངོས་དེ་ན་རླངས་འཁོར་ཞིག་བརླག་ཡོད་པ་དང་མཐའ་འཁྲོ་ལ་ཤིག་རོ་ཡི་ཁེངས་འདུག

ཨ་རིའི་མཉམ་འབྲེལ་གསར་འགྱུར་ནས་ཤོད་དོན། ཀི་ལོམ་པེ་ཡ་གཞུང་ཕྱོགས་ནས་འཇབ་རྒོལ་བྱེད་མཁན་འདི་ཡིས་ལག་དམར་བཤད་མེད་རུང་། ཕྱི་རོལ་པས་འདི་ནི་སྲིད་གཞུང་ངོ་རྒོལ་རྩ་འཛུགས་ཀི་ལོམ་པེ་ཡའི་མི་རིགས་བཅིངས་གྲོལ་རུ་དཔུང་གིས་བཟོས་པ་ཡིན་པར་འདོད། དུས་རབས་ཕྱེད་ཀའི་རིང་ལ། རྩ་འཛུགས་དེ་དང་ཀི་ལོམ་པེ་ཡའི་སྲིད་གཞུང་དག་ཤུགས་གཉིས་ཀ་དུས་རྒྱུན་དུ་དམག་འཁྲུག་རྒྱག་བཞིན་ཡོད་པ་རེད། ཡ་སྔོན་གྱི་ཀི་ལོམ་པེ་ཡ་གསར་བརྗེ་དམག་ཤུགས་བྱ་བའི་རྩ་འཛུགས་དེ་སྲིད་གཞུང་དང་ཞི་ཆིངས་བཞག་པ་ནས་བཟུང་། ཀི་ལོམ་པེ་ཡ་མི་རིགས་བཅིངས་གྲོལ་རུ་དཔུང་ནི་རྒྱལ་ཁབ་དེ་ཡི་སྲིད་གཞུང་ངོ་རྒོལ་རྩ་འཛུགས་གཅིག་པུར་གྱུར་ཡོད་འདུག

ཞང་ཞུང་བསོད་ནམས་གངས་རྒྱན།

དུས་བབ་དྲ་ཚིགས་ཀྱི་སྲོལ་འབྱེད་མཁན། བོད་ཡིག་གི་ཆ་འཕྲིན་ལག་རྩལ་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།