ཧུ་སར་དྲག་རྒོལ་རུ་ཁག་ལ་མཉམ་འབྲེལ་དམག་དཔུང་གིས་མཁའ་དབྱིངས་ནས་དྲག་རྒོལ་བྱེད།

ཡཱ་མན་རྒྱལ་ཁབ་གྱི་ས་གནས་དེའི་དགོང་མོ་ཆུ་ཚོད་བཅུ་དང་སྐར་མ་ལྔ་བཅུའི་སྟེང་། ཡཱ་མན་ཝ་ཏེ་སྲིད་གཞུང་གིས་དྲ་རྒྱའི་ལམ་ནས་ས་གནས་གསར་འགྱུར་ཁང་ལ་སྤྱི་བསྒྲགས་བསྐུར་པ་རེད། སྤྱི་བསྒྲགས་ཀྱི་ནང་དོན་དུ་འཁོད་པ་ནི་མཚན་མོར་ཡཱ་མན་རྒྱལ་ས་ན་ལུས་ཡོད་པའི་ཧུ་སར་དྲག་རྒོལ་རུ་ཁག་ལ་མཉམ་འབྲེལ་དམག་དཔུང་གིས་མཁའ་དབྱིངས་ནས་དྲག་རྒོལ་བྱེད་པའི་གསར་ཚུལ་རེད། དེ་ཁྲོད་དུ་ད་དུང་སྤྱི་དམངས་རྣམས་འཇིགས་སྐུལ་རིང་ལུགས་པའི་སྡོད་གནས་དང་སྒྲིག་ཆས་འཇོག་སར་གྱེས་དགོས་པའི་རེ་བ་བཏོན་ཡོད་འདུག སྤྱི་བསྒྲགས་བཏང་རྗེས་ཀྱི་སྐར་མ་ཉི་ཤུའི་ནང་དུ་། ཡཱ་མན་མཁའ་དམག་གིས་འཇིགས་སྐུལ་རིང་ལུགས་པའི་གཞི་ས་ལ་སྒྱོགས་མདེལ་ཆེན་པོ་བཞི་ལྷག་བཏང་། རྒྱལ་སའི་མཐའ་ལ་དམག་འཁྲུག་མཚམས་བཞག་པའི་ཟླ་བ་བཞིའི་རིང་ལ། འདི་ནི་མཁའ་དམག་གིས་ཐེངས་དང་པོར་འཇིགས་སྐུལ་རིང་ལུགས་པར་ཉེན་ལྡན་མཚོན་ཆ་ཆེན་མོ་བཀོལ་པ་རེད།

ཞང་ཞུང་བསོད་ནམས་གངས་རྒྱན།

དུས་བབ་དྲ་ཚིགས་ཀྱི་སྲོལ་འབྱེད་མཁན། བོད་ཡིག་གི་ཆ་འཕྲིན་ལག་རྩལ་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།