ཨ་རིའི་དམག་དཔུང་གིས་ན་གཞོན་ཏང་ཁག་བྱ་བར་མཁའ་དབྱིངས་ནས་དྲག་རྒོལ་བྱས།

ཤིན་ཧ་གསར་འགྱུར་ཁང་གི་ཟླ་དང་པོའི་ཚེས་བཅུ་དགུ་ཉིན་ལ་གྲོང་ཁྱེར་མོ་ཅ་དེ་ཧྲ་ནས་གནས་ཚུལ་འབྱོར་བ་ལྟར་ན། ཨ་རིའི་ཧྥེ་གླིང་བཀོད་འདོམ་ཁང་ནས་ཚེས་བཅུ་དགུ་ཉིན་ལ་གསལ་བསྒྲགས་བྱེད་པ་ལྟར་ན། ཨ་རིའི་དམག་དཔུང་གིས་སོ་མ་ལེ་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་ཀྱི་གྲོང་བརྡལ་ ཅི་ལེ་པུ་ཉེ་འགྲམ་ནས་ཐལ་དྲགས་རྩ་འཛུགས་ན་གཞོན་ཏང་ཁག་བྱ་བར་མཁའ་དབྱིངས་ནས་དྲག་རྒོལ་བྱས། དེ་ཁྲོད་དུ་མཚོན་ལྡན་མི་སྣ་ང་གཉིས་ལྷག་བསད་པ་རེད།

སྤྱི་བསྒྲགས་སུ་འཁོད་དོན། ད་ཐེངས་ཀྱི་དྲག་རྒོལ་འདི་ནི་ན་གཞོན་ཏང་ཁག་གིས་ཡ་སྔོན་སྲིད་གཞུང་དམག་དཔུང་ལ་དྲག་རྒོལ་བྱེད་པའི་སྐྱིན་ཚབ་ཡིན་པ་དང་། སྤྱི་དམངས་གང་ཡིན་རུང་དྲག་རྒོལ་འདིའི་ཁྲོད་ནས་རྨས་སྐྱོན་ཐེབས་མེད་པ་རེད།

ཞང་ཞུང་བསོད་ནམས་གངས་རྒྱན།

དུས་བབ་དྲ་ཚིགས་ཀྱི་སྲོལ་འབྱེད་མཁན། བོད་ཡིག་གི་ཆ་འཕྲིན་ལག་རྩལ་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།