རྒྱ་གར་གྱི་ཁ་གཏད་སྲིད་ཏང་ཁག་གིས་རེ་གཟའ་དྲུག་པའི་ཉིན་སྲིད་འཛིན་མོའོ་ཏེ་ལ་ངོ་རྒོལ་བྱེད་པའི་ཁྲོམ་སྐོར་རྒྱབ།

ཕྱི་རྒྱལ་དྲ་བའི་ཟླ་དང་པོ་ཚེས་བཅུ་དགུ་ཉིན་གློག་འཕྲིན་འབྱོར་བ་ལྟར་ན། རྒྱ་གར་ནས་ཟླ་བཞི་དང་ཟླ་ལྔ་བར་རྒྱལ་ཡོངས་འདེམ་བསྐོ་ཚོགས་ཆེན་ཚོགས་བཞིན་ཡོད་པ་རེད། འོན་ཀྱང་ད་ལྟ་དབང་འཛིན་བྱེད་བཞིན་པའི་རྒྱ་གར་རྒྱལ་ཡོངས་སྲིད་འཛིན་མོའོ་ཏེ་ལགས་ལོ་འཇུག་གི་འདེམ་བསྐོ་ཁྲོད་ནས་ཕམ་ཁ་ཆེན་པོ་ཉོས་པ་རེད། དེ་བས་ཡང་བསྐྱར་འདེམ་བསྐོ་བྱུང་རྒྱུར་དཀའ་ལས་ཆེན་པོ་བྱུང་བཞིན་ཡོད། རྒྱ་གར་གྱི་ཁ་གཏད་སྲིད་ཏང་ཁག་གིས་རེ་གཟའ་དྲུག་པའི་ཉིན་སྲིད་འཛིན་མོའོ་ཏེ་ལ་ངོ་རྒོལ་བྱེད་པའི་ཁྲོམ་སྐོར་རྒྱབ་པ་དང་སྡོམ་བརྩིས་ལྟར་ན་མི་སྣ་འབུམ་ཁ་ཤས་དེའི་གྲས་སུ་ཞུགས་ཡོད་པ་རེད།

ཧྥ་རན་སིའི་ལུའུ་ཐིག་གསར་འགྱུར་ཁང་ནས་གནས་ཚུལ་འབྱོར་བ་ལྟར་ན། རྒྱ་གར་གྱི་ས་ཁུལ་ཉེར་གསུམ་གྱི་རྩ་འཛུགས་སྣ་ཚོགས་ཀྱིས་བཤད་ན། ཁོ་ཚོས་འཐབ་ཕྱོགས་གཅིག་གྱུར་བྱེད་ནས་སྲིད་འཛིན་མོའོ་ཏེ་ཡང་བསྐྱར་འདེམ་བསྐོ་བྱ་རྒྱུར་བཀག་འགོད་བྱེད་ཡོད་ཟེར། ཤེས་གསལ་ལྟར་ན། ཏང་ཁག་དེ་ཡིས་༢༠༡༤ལོར་རྒྱལ་ཡོངས་གྲོས་ཚོགས་ནས་ཁ་གཏད་ཏང་ཁག་ལ་ཕམ་པར་རྒྱབ་ནས་སྲིད་འཛིན་ཏང་ཁག་གི་གོ་གནས་ཐོབ་ཡོད་པ་རེད།

ཞང་ཞུང་བསོད་ནམས་གངས་རྒྱན།

དུས་བབ་དྲ་ཚིགས་ཀྱི་སྲོལ་འབྱེད་མཁན། བོད་ཡིག་གི་ཆ་འཕྲིན་ལག་རྩལ་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།