མང་གཙོ་ཏང་གིས་སྲིད་འཛིན་གྱི་ལས་དོན་ལ་བར་ཆད་བཟོས།

རྒྱལ་སྤྱིའི་དྲ་བས་ཟླ་གསུམ་པའི་ཚེས་བཞི་ཉིན་ལ་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་སྐུ་ཞབས་ཁྲོམ་ཕུ་ལགས་ཝེ་ཐི་ནན་རྒྱལ་ཁབ་གྱི་རྒྱལ་ས་ཝོ་ནེ་ནས་བྱང་ཁོ་རེ་ཡའི་འགོ་ཁྲིད་དང་པོ་་ཁེན་ཅོང་ཨོང་དང་མཉམ་དུ་སྐབས་གཉིས་པའི་མོལ་གྲོས་ལ་ཞུགས་སྐབས། མང་གཙོ་ཏང་ཁག་གིས་རྒྱལ་ནང་ནས་ཁོང་ལ་འདྲི་རྟོག་དང་དཀའ་ལས་མང་པོ་སྤྲད། སྲིད་འཛིན་ཁོང་གིས་བཤད་པ་ལྟར་ན། ད་ཐེངས་ཀྱི་གྲོས་ཚོགས་འདི་ལ་འབྲས་བུ་གང་ཡང་མ་ཐོབ་མ་ནི་མང་གཙོ་ཏང་གིས་བར་ཆད་བཟོས་པ་ཡིན་ཟེར།

ཨ་རིའི་རྒྱལ་ཚོགས་ཚགས་པར་དྲ་བས་ཚེས་གསུམ་ཉིན་ལ་གནས་ཚུལ་བསྒྲགས་པ་ལྟར་ན། ཉིན་དེར་སྲིད་འཛིན་ཁྲོམ་ཕུ་ལགས་ཀྱིས་དྲ་འཕྲིན་ཞིག་སྤེལ་ཡོད་པའི་ནང་དོན་ལ་གཤམ་ལྟར། མང་གཙོ་ཏང་གིས་ང་ཚོས་བྱང་ཁོ་རེ་ཡ་དང་མཉམ་དུ་མཐོ་རིམ་གྲོས་ཚོགས་འཚོགས་བཞིན་པའི་སྐབས་སུ། མིང་བཏགས་ནས་རྫུན་ལབ་མཁན་ཞིག་གི་ངག་བརྒྱུད་ནས་ང་ལ་ཉེས་མེད་སྐྱོན་འཛུགས་བྱེད་པ་རེད། བག་ཚ་འོང་བའི་གནས་ཚུལ་འདིས་ཨ་རིའི་རྒྱལ་ཁབ་གྱི་མཚན་སྙན་ལ་གནོད་པ་སྦྱིན་སོང་། དེ་མ་ཟད་ད་དུང་མཐོ་རིམ་གྲོས་ཚོགས་ཡང་དུས་ལྟར་དུ་འཚོགས་རྒྱུ་མ་བྱུང་། དེ་ནི་ངོ་མ་ངོ་ཚ་ཞིག་རེད་ཞེས་བྲིས།

ཞང་ཞུང་བསོད་ནམས་གངས་རྒྱན།

དུས་བབ་དྲ་ཚིགས་ཀྱི་སྲོལ་འབྱེད་མཁན། བོད་ཡིག་གི་ཆ་འཕྲིན་ལག་རྩལ་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།