རྣམ་དབྱེ་གསུམ་པ། བྱེད་སྒྲ།

༡ ༽ཅི་ཞིག་ལ་བྱེད་སྒྲ་ཟེར།ལན། བྱེད་པ་པོ་གཙོ་བོར་སྟོན་པ་ཞིག་ལ་བྱེད་སྒྲ་ཟེར།

༢༽བྱེད་པ་ལ་དབྱེ་ན་དུ་ཡོད། ལན། གཉིས་ཡོད་དེ། གཙོ། — བྱེད་པ་པོ། དཔེར་ན། བཀྲ་ཤིས་ཀྱིས་རི་མོ་འབྲི་ལྟ་བུའོ། ། ཕལ་བ།— བྱེད་པ། དཔེར་ན། པིར་གྱིས་རི་མོ་འབྲི་ལྟ་བུའོ། །

༣༽ རྣམ་དབྱེ་གསུམ་པ་བྱེད་སྒྲའི་ཕྲད་གང་ཡིན། ལན། གིས་ཀྱིས་གྱིས་འིས་ཡིས་ལྔ་བོ་ཡིན་ནོ། །

༤༽བྱེད་སྒྲ་ལ་རྣམ་དབྱེ་ཞེས་འབོད་པའི་རྒྱུ་མཚན་ཅི། ལན། བྱེད་སྒྲས་བདག་གཞན་གཉིས་ཀྱི་ངོ་བོ་མ་འདྲེས་པར་རྣམ་པར་སོ་སོར་ཕྱེས་ནས། གཙོ་ཆེར་བྱེད་པ་སྟོན་པ་ཡིན་པས་སོ། ། དཔེར་ན། ① བློ་བཟང་ གིས་ ཚེ་རིང་ བོས། བདག ཕྲད། གཞན། བྱ་བ། ② བློ་བཟང་ཚེ་རིང་བོས། (བདག་གཞན་གཉིས་ངོ་བོ་གཅིག་ཏུ་གྱུར་པ།)

༥༽རྣམ་དབྱེ་གསུམ་པ་བྱེད་སྒྲ་ལ་དཔེར་བརྗོད་ཞོག ལན། དཔེར་ན། བདག་གིས་བཤད། ཁྱེད་ཀྱིས་བྲིས། གསེར་གྱིས་ཉོས། ལག་པས་བཟུང་། ཕ་ཡིས་བཤད། རྐང་བ་སྐོང་ཚེ་ཡིས་ཐོབ་པ།

དཔེར་ན། བློན་པོ་བློ་དང་ལྡན་པ་ཡིས། །རྗེ་དང་འབངས་ཀྱི་དོན་ཀུན་འགྲུབ། །(《ས་སྐྱ་ལེགས་བཤད》ལས།)ལྟ་བུའོ། །

༦ ༽བྱེད་སྒྲའི་འཇུག་ཚུལ་གཞན་གང་དག་ཡོད། ལན། རྒྱུ་མཚན་སྟོན་པ་ལ་འཇུག་པ། དཔེར་ན། རྐྱེན་གྱིས། དབང་གིས། སྟབས་ཀྱིས། ལྟ་བུའོ། ། སྐུལ་ཚིག་ལ་འཇུག་པ། དཔེར་ན། ཁྲིས་ཀྱིས། བག་ཡོད་གྱིས། འགྲོ་གྲབས་གྱིས། ལྟ་བུའོ། ། བྱེད་སྒྲ་རྗེས་མཐུན་པ། དཔེར་ན། ནད་ཀྱིས་གདུང་། ནོར་གྱིས་དབུལ། རིམ་གྱིས་བཤད། ལྟ་བུའོ། །